འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཨུ་ཡོན་སྒྲོལ་དཀར་གྱིས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་
    ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འགྲོ་ལམ་ཐོག་སྐྱོད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གྲོང་ཁྱེར་དང་གྲོང་རྡལ་ཅན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་ལྡོག་མེད་ཅིག་དང་། ཆ་འཕྲིན་ཅན་དང་། བཟོ་ལས་ཅན་གསར་པ། ཞིང་ལས་དེང་རབས་ཅན་བཅས་ཀྱི་རྨང་གཞིའི་གཞི་རྟེན་གལ་ཆེན་ཞིག་རེད། བོད་འདི་ཉིད་ས་རྒྱ་ཆེ་བ་དང་ས་གནས་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆ་རྐྱེན་གྱི་ཧེ་བག་ཆེ་ཙམ་ཡོད་པས་ཡོངས་ཁྱབ་དང་འོས་འཚམ་རང་བཞིན་གྱི་དཔེ་དབྱིབས་ཤིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་མེད་པ་དེས་ང་ཚོར་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པའི་རྩ་དོན་ལ་གཞིགས་ནས་ས་གནས་ཁག་གི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་ཀྱིས་གཏན་ལ་འཁེལ་བའི་ཚོད་ལྟའི་བརྗོད་གཞི་དེ་གཙོ་ཁྲིད་ཁ་ཕྱོགས་སུ་བྱས་ཏེ་ཞིབ་འཇུག་གཏིང་ཟབ་བྱས་ནས་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ལ་དམིགས་ཏེ་སྒྱུར་བཅོས་གསར་གཏོད་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ། ཆོས་ཉིད་འཕྱུགས་མེད་བཙལ་འཚོལ་བྱེད་པ། ཐུན་མོང་གི་ངོས་འཛིན་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་ཚོད་ལྟ་དང་། རྙིང་འབུད་གསར་འདོན། ཉམས་མྱོང་ཕྱོགས་སྡོམ་ཟམ་མི་ཆད་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བར་ལུགས་རྒྱག་ཆོག་པའི་ལམ་ལུགས་དང་ཁྱབ་གདལ་ཆོག་པའི་ཉམས་མྱོང་དཔེ་དབྱིབས་ཤིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         མིག་སྔར་བོད་ཀྱིས་བརྗོད་གཞི་8དང་ཚོད་ལྟའི་ཚན་པ་17གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟར་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་ཚོང་འདུས་གྲོང་སྡེའི་དཔེ་སྟོན་ས་ཚིགས་20འཛུགས་སྐྲུན་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ནི་འཛམ་གླིང་ཐོག་ནས་ཆེས་མཐའ་མཇུག་ཡིན་པའི་ས་གཙང་སྲུང་སྐྱོང་བྱ་ཆེད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། བོད་ཀྱིས་ལོ་གཉིས་ནས་གསུམ་བར་འབད་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བར་དཔེ་སྟོན་མཁོ་འདོན་དང་རྨང་གཞི་བརྟན་པོ་བཏིང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་ལེན་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་ཆགས་རྒྱུར་སྐུལ་མ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འགྲོ་ལམ་ཐོག་ཧུར་ཐག་སྐྱོད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།