འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་གྱིས་ཁོར་ཡུག་བློས་བཏང་ནས་སྐབས་འཕྲལ་དཔལ་འབྱོར་འཕར་
    ཐབས་གཏན་ནས་བྱ་རྒྱུ་མེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         “ང་ཚོ་འཕེལ་རྒྱས་འགྲོ་འགོར་ཙམ་ཡིན་ཡང་། ཁོར་ཡུག་བློས་བཏང་ནས་སྐབས་འཕྲལ་དཔལ་འབྱོར་འཕར་ཐབས་གཏན་ནས་བྱ་རྒྱུ་མེད”ཉིན་ཤས་གོང་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པ་ཡོངས་ཀྱི་ཚོགས་འདུ་འཚོགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་འཐུས་མི་བློ་བཟང་རྒྱལ་མཚན་གྱིས་སླད་ཕྱིན་འཕེལ་རྒྱས་ལམ་བུའི་ཐོག་བོད་ཀྱིས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོར་འཛུགས་པ། སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་བརྟན་པོ་སྲུང་བ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ལྗང་མདོག་འཕེལ་རྒྱས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་དེ་བས་སྣང་ཆེན་བྱེད་པ། ཟད་གྲོན་ཆེ་བ་དང་། གཏོང་འབུད་ཆེ་བ། སྦགས་བཙོག་ཆེ་བ་བཅས་ཀྱི་ཁེ་ལས་དང་རྣམ་གྲངས་ནང་འདྲེན་གཏན་ནས་མི་བྱེད་པ། དེ་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་དང་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
         “བོད་ལྗོངས་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་ལེགས་སྐྱེས་གལ་ཆེན་ཞིག་ཡིན”བློ་བཟང་རྒྱལ་མཚན་གྱིས་བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། སྣོད་བཅུད་ཁོར་ཡུག་ཡག་པོ་ནི་ང་ཚོའི་རྩ་ཆེ་ཤོས་ཀྱི་རྒྱུ་ནོར་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གནས་ཡུལ་ཞིག་ཀྱང་ཡིན། ད་ཕན་ལོ་ཤས་ནང་བོད་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མི་རབས་རྗེས་མར་བདེ་སྐྱིད་སྐྲུན་པའི་བླ་ན་མེད་པའི་ལས་འགན་དུ་བརྩིས་ནས། དེ་བས་ནན་པའི་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་བྱེད་ཐབས་དང་། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ལྟ་སྐུལ་དོ་དམ་བྱེད་ཐབས། ཁོར་ཡུག་སྲུང་སྐྱོང་གི་བྱ་དགའ་ཆད་གཅོད་ཀྱི་དཔྱད་ཞིབ་བྱེད་ཐབས་བཅས་ལག་བསྟར་ཤུགས་ཆེན་བྱས་པ། གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་བཤེར་མཆན་འགོད་དང་། ཁོར་ཡུག་སྲུང་སྐྱོང་གི་སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི་ལམ་ལུཌ་ལག་བསྟར་བྱས་ཡོད། ད་ཕན་ལོ་ཤས་ནང་བོད་ཀྱིས་རིམ་རྩིས་བྱས་ན། མ་དངུལ་སྒོར་དུང་ཕྱུར་71.3བཏང་ནས་རང་བྱུང་རྩྭ་ཐང་སྲུང་སྐྱོང་དང་། ནགས་ཚལ་མེ་ཟོན། གནོད་ཡོད་སྐྱེ་དངོས་འགོག་བཅོས། འདམ་ར་གལ་ཆེན་སྲུང་སྐྱོང་སོགས་འདུ་འགོད་ཁག་བཅུ་ལག་བསྟར་བྱས་ཏེ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྣོད་བཅུད་ཁུལ་གལ་ཆེན་སྲུང་སྐྱོང་ནུས་ལྡན་བྱས་ཡོད། མིག་སྔར་བོད་འདི་སྔར་བཞིན་སྣོད་བཅུད་ཁོར་ཡུག་ཡག་པའི་ཁུལ་གྱི་གྲས་ཤིག་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།