འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་འཁོར་གྱི་པ་སེ་རྙིང་བ་སོགས་འདོར་དུས་ཀྱི་མཉམ་འཇོག་བྱ་དགོས་ཡུལ་གཅིག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མེ་འཁོར་གྱི་པ་སེ་རྙིང་བ་སོགས་འདོར་དུས་ཀྱི་མཉམ་འཇོག་བྱ་དགོས་ཡུལ་གཅིག
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཧྲན་ཞི་ཞིང་ཆེན་ལིན་ཧྥེན་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་མི་དམངས་ཉེན་རྟོག་པས་བཤད་དོན། མེ་འཁོར་པ་སེའི་སྟེང་གི་རྩ་གཉིས་རྟགས་རིས་ལ་རྫུན་འགོག་དང་གསང་རྒྱ་བསྡམས་པ་སོགས་ཀྱི་ནུས་པ་ཡོད་ན་ཡང་། ཆེད་སྤྱོད་ངོས་འཛིན་མཉེན་ཆས་(专用识读软件)ཀྱིས་སྔར་བཞིན་མེ་འཁོར་པ་སེའི་རྩ་གཉིས་རྟགས་རིས་ལས་མི་སྒེར་གྱི་བརྡ་འཕྲིན་ངོས་འཛིན་བྱེད་ཐུབ་ཀྱིན་ཡོད། གལ་སྲིད་སྤྱི་ཚོགས་ཁྲོད་ཀྱི་མི་ངན་པས་ཡུལ་སྐོར་བའི་བརྡ་འཕྲིན་དག་རྒྱུས་ལོན་བྱུང་བ་ཡིན་ན། གློག་འཕྲིན་རྫུན་གཏོང་དང་ཡིད་རྟོན་འཛིན་ཤོག་ཁ་བསླུས་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་སྲིད་པ་རེད།
         དོན་དག་དེ་གཞིགས་ཏེ། ལྕགས་ལམ་སྤྱི་བདེ་སྡེ་ཁག་གིས་ཡུལ་སྐོར་འགྲུལ་བ་ཚོས་རང་ཉིད་ཀྱི་པ་སེ་རྙིང་བ་སོགས་འདོར་དུས་མེ་འཁོར་པ་སེ་རྩ་བརླག་གཏོང་བ་སྟེ། པ་སེའི་རྩ་གཉིས་རྟགས་རིས་དང་པ་སེ་ཐོག་གི་དངོས་མིང་སོགས་ཐེར་ཚལ་སྦར་ཚལ་དུ་གཏོང་བ་དང་། ཡང་ན་པ་སེ་ཐོག་གི་རྩ་གཉིས་རྟགས་རིས་དང་འབྲེལ་ཡོད་བརྡ་འཕྲིན་སོགས་བསུབས་ཅི་ཐུབ་བྱས་རྗེས། ད་བཟོད་གཡུགས་བཞག་ན་ལེགས་པར་འདུག་ཅེས་བསམ་འཆར་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།