འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།ཁ་པར་སྤྱོད་མཁན་གྱིས“དངུལ་སྨར་སྐྱེས་ཐུམ་བརྗེ་བའི”ཁ་བསླུས་རྒྱག་པར་དོགས་ཟོན་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་01ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སྦག་སྦག་གཅིག་དང་། གནམ་སྐུད་དང་འཕྲོ་གཏོང་འཕྲུལ་ཆས་སྒྲིག་སྦྱོར་བྱས་པའི་སྟབས་བདེའི་ཁུག་མ་ཞིག་ལས་ལག་ཐོགས་ཁ་པར་སྤྱོད་མཁན་ལ་ཁ་བསླུས་རྒྱག་པའི་ཆ་འཕྲིན་སྐུར་བའི་ས་ཚུགས་རྫུས་མ་ཞིག་གྲུབ་ཐུབ། གསར་འགོད་པར་ཉིང་ཞ་སྐུད་མེད་གློག་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཉིང་ཞ་ཀུའུ་ཡོན་གྲོང་ཁྱེར་གྱིས་གོང་གསལ་གྱི“ས་ཚུགས་རྫུས་མ”སྤྱད་དེ། ཆ་འཕྲིན་རྫུས་མ་བསྐུར་མཁན་ཞུ་སྦྱོར་ཕྱི་མ་ལི་ག་གེ་མོར་ཞིབ་གཅོད་ཐེངས་དང་པོ་བྱས་ནས། དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་གཉིས། ཆད་གཅོད་དངུལ་སྒོར་5000གཏོང་རྒྱུའི་ཁྲིམས་ཐག་བཅད་པ་རེད།
           ཞིབ་བཤེར་བྱས་པ་གཞིར་བཟུང་། ལི་ག་གེ་མོས་2015ལོའི་ཟླ་10ཚེས་10ཉིན་འཁོར་རྟགས་མེད་པའི་འཁོར་གཉིས་སྦག་སྦག་བཏང་ནས་ཀུའུ་ཡོན་གྲོང་ཁུལ་དུ“ས་ཚུགས་རྫུས་མ”སྤྱད་དེ། ཀྲུང་གོ་སྒུལ་བདེ་སྤྱོད་མཁན་ཚོར“གུས་ཤིང་བརྩེ་བའི་སྤྱོད་མཁན་རྣམ་པ། ཁྱེད་ཀྱི་ཁ་པར་བརྒྱབ་པའི་གྲོན་དངུལ་གྱི་སྐར་མ་30800ལོན་ཡོད་པས་དངུལ་སྨར་སྒོར་308.00བརྗེ་ཆོག དུས་ཐོག་ཏུ་དྲ་གནས་wap.10086pac.comཞུགས་ཏེ་ལེན་རོགས། (ཀྲུང་གོ་སྒུལ་བདེ)”དང“གུས་ཤིང་བརྩེ་བའི་འཛུགས་སྐྲུན་དངུལ་ཁང་གི་(ཡིད་རྟོན་གཱ)སྤྱོད་མཁན་རྣམ་པ། ཁྱེད་ཀྱི་རྩིས་ཁྲའི་སྐར་མ་ཁྲི་5ལོན་ཡོད་པས་དངུལ་སྨར་5%བརྗེ་ཆོག ལག་ཐོགས་ཁ་པར་གྱི་དྲ་བ་wap.zhtfe.comཐོག་ཞུགས་ཏེ་ལེན་རོགས། དུས་ཚད་ཡོལ་ཚེ་ནུས་པ་ཤོར་རྒྱུ། (འཛུགས་སྐྲུན་དངུལ་ཁང)”ཞེས་པའི་ཆ་འཕྲིན་བསྡོམས་ཁྲི་2.2ཙམ་བསྐུར་ནས་ཁ་བསླུས་བརྒྱབ་ཡོད་པ་རེད།
         ས་ཚུགས་རྫུས་མ་དེར་ཁུལ་ཆུང་འཕྲིན་ཐུང་སྤེལ་གཏོང་མ་ལག་ཅེས་ཀྱང་བརྗོད་པ་དང་སྒྲིག་ཆས་དེ་རིགས་ཀྱིས་མི་ཚོགས་མང་བའི་ཁྲོམ་གཞུང་དང་ཁུལ་ཆུང་དུ་སྒུལ་བདེ་འཕྲོ་གཏོང་ཐུབ་པ་མ་ཟད། ད་དུང་དེ་ལྟེ་བར་བྱས་པའི་ཉེ་འཁོར་གྱི་ལག་ཐོགས་ཁ་པར་སྤྱོད་མཁན་གྱི་ཆ་འཕྲིན་འཚོལ་བསྡུ་ཐུབ་པ་དང་དེ་རྗེས་བཙན་སྐུལ་ངང་ཁ་བསླུས་རྒྱག་པའི་འཕྲིན་ཐུང་སྐུར་གྱི་ཡོད་པ་རེད།
         ཀྲུང་གོ་སྒུལ་བདེ་ཉིང་ཞ་ཀུང་སི་དང་སྐུད་མེད་གློག་དོ་དམ་སྡེ་ཚན་གྱིས་དྲན་སྐུལ་བྱས་པར་གཞིགས་ན། ལག་ཐོགས་ཁ་པར་སྤྱོད་མཁན་ཚོར་སྐར་མ་བརྗེ་སྤྲོད་དང་དངུལ་ཁང་གཱ་ཡི་གསང་བའི་ཨང་གྲངས་རིམ་སྤོར་སོགས་རྒྱུ་དངུལ་དང་སྒེར་གྱི་གསང་དོན་སོགས་དང་འབྲེལ་བའི་ཆ་འཕྲིན་འབྱོར་སྐབས་གང་བྱུང་དུ་དྲ་བ་དེའི་ནང་ཞུགས་རྒྱུ་མེད།
      

    ཕྱོགས་བསྡུས་གསར་འགྱུར།