འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་7000སྔོན་གྱི་མིའི་རིགས་ཀྱི་འཚོ་
    གནས་རྗེས་ཤུལ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་སི་རལ་གྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་7000སྔོན་གྱི་མིའི་རིགས་ཀྱི་འཚོ་
གནས་རྗེས་ཤུལ་རྙེད་པ།
           མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་གྱི་སྨྱན་སྦྱོར་སྡེ་ཁག་གིས་གསར་འགོད་བྱས་པར་གཞིགས་ན། དབྱི་སི་རལ་རྒྱལ་ཁབ་ཀྱི་ལས་མིས་ཅེ་རུས་ས་ལེམ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གཞུང་ལམ་ཉམས་གསོ་བྱེད་སྐབས། གནའ་བོའི་ཤུལ་རྗེས་ཤིག་དང་འཕྲད་པས། དབྱི་སི་རལ་རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་པ་གདན་ཞུ་གནང་སྟེ་རྗེས་ཤུལ་དེ་ལ་སྔོག་འདོན་རྟོག་ཞིབ་བྱས་པ་རེད།
          དབྱི་སི་རལ་རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་པས་རྗེས་ཤུལ་དེ་ནས་སྡོད་ཁང་གཉིས་རྟོག་ཞིབ་བྱུང་ཞིང་། ཚོད་དཔག་ལྟར་ན། ལོ་ངོ་7000སྔོན་ལ་བསྐྲུན་པ་རེད། སྡོད་ཁང་གི་རྗེས་ཤུལ་ཉར་ཚགས་ལེགས་པོ་བྱས་ཡོད་པ་དང་། སྡོད་ཁང་དུ་པང་གཅལ་དང་ཡོ་བྱད། རྫ་ཆས། གཞན་ད་དུང་མིའི་རིགས་ཀྱི་རུས་སྒྲོམ་ཡང་རྙེད་ཡོད་པ་རེད།
          གསར་འགོད་བྱས་པར་གཞིགས་ན། མིའི་རིགས་ཀྱི་ཚོ་བ་འདི་ལ་རྩ་འཛུགས་གྱི་གོ་རིམ་ལྡན་པ་མ་ཟད། འཕེལ་རྒྱས་ཀྱང་ཆེན་པོ་ཕྱིན་ཡོད་ལ། ཐ་ན་དུར་ས་ཡང་ཡོད་པ་རེད།
          དབྱི་སི་རལ་གྱི་གནའ་རྫས་རྟོག་ཞིབ་པས་ཁོ་ཚོས་དབྱི་སི་རལ་གྱི་ས་ཆ་འགའ་ཤས་ནས་ལོ་ངོ་7000སྔོན་གྱི་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་གསར་རྙེད་བྱུང་མྱོང་ཡོད་མོད། འོན་ཀྱང་ཐེངས་འདི་ནི་ཅེ་རུས་ས་ལེམ་གྲོང་ཁྱེར་ནས་རྙེད་པའི་གནའ་བོའི་མིའི་རིགས་ཀྱི་འཚོ་གནས་རྗེས་ཤུལ་ཐོག་མ་དེ་ཡིན་ཞེས་བརྗོད།
    ༄༅།།དབྱི་སི་རལ་གྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་7000སྔོན་གྱི་མིའི་རིགས་ཀྱི་འཚོ་
གནས་རྗེས་ཤུལ་རྙེད་པ།
    ༄༅།།དབྱི་སི་རལ་གྱི་གནའ་རྫས་རྟོག་ཞིབ་པས་ལོ་ངོ་7000སྔོན་གྱི་མིའི་རིགས་ཀྱི་འཚོ་
གནས་རྗེས་ཤུལ་རྙེད་པ།
      

    ཕྱོགས་བསྡུས་གསར་འགྱུར།