འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ཀྲུང་གོའི་ཁེ་ལས་ལ་ཨོ་སི་ཁྲུ་ལི་ཡའི་འོ་བཟོས་ཀུང་སི་ཆེ་
    ཤོས་ཉོ་སྒྲུབ་བྱ་རྒྱུར་ཆོག་མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་23ཉིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་མཛོད་པུའི་པུའུ་ཀྲང་སི་ཁེ་ཐེ་·མོ་ལི་སེན་གྱིས་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ཀྲུང་གོའི་སྒེར་གྱི་མ་འཇོག་ཀུང་སི་ཟླ་བའི་མཚེའུ་ལ་ཐ་སི་མཱ་ཉི་ཡ་ས་ཆ་ཀུང་སི་ཉོ་སྒྲུབ་བྱེད་རྒྱུའི་རེ་ཞུར་ཆོག་མཆན་སྤྲད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ཐ་སི་མཱ་ཉི་ཡ་ས་ཆ་ཀུང་སི་ནི་ཨོ་སི་ཁྲུ་ལི་ཡའི་འོ་བཟོས་ཀུང་སི་ཆེ་ཤོས་སྟེ་ཧྥན་ཏི་མོན་ས་ཆ་ཀུང་སིའི་བདག་པོ་རེད།
         ཟླ་བའི་མཚེའུ་མ་འཇོག་ཀུང་སིས་ན་ནིང་ཟླ་11པར་མ་དངུལ་ཨ་སྒོར་དུང་ཕྱུར་2.02བཏང་ནས་ཐ་སི་མཱ་ཉི་ཡ་ས་ཆ་ཀུང་སི་ཉོ་སྒྲུབ་བྱས་པ་དང་། མོ་ལི་སེན་གྱིས་ཉོ་སྒྲུབ་གྱི་རེ་ཞུར་ཆོག་མཆན་སྤྲོད་པའི་གསལ་བསྒྲགས་ནང་། “ད་ཐེངས་ཀྱི་ཉོ་སྒྲུབ་དེས་ས་གནས་འདི་གའི་དཔལ་འབྱོར་ལ་ཤུགས་རྐྱེན་ཡག་པོ་ཐེབས་པའི་རྒྱུ་རྐྱེན་ཞིག་ཡིན་པར་རང་ཉིད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་བ་ཡིན། ངའི་བསམ་པར་ད་རེས་ཀྱི་ཉོ་སྒྲུབ་བྱས་པ་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་སྐབས་ཐོག་མར་ཁྲལ་བསྡུའི་ཡོང་འབབ་ཀྱི་ཤུགས་རྐྱེན་ལ་བསམ་བློ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
         མོ་ལི་སེན་གྱིས་ཕྱི་རྒྱལ་གྱི་མ་འཇོག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་བའི་གནས་ཚུལ་འོག་ཉོ་ཚོང་ཕྱོགས་གཉིས་ཀྱིས་གཅུན་འདོམས་རང་བཞིན་གྱི་ཉོ་སྒྲུབ་གན་རྒྱར་མིང་རྟགས་བཀོད་པ་དང་འབྲེལ་ཉོ་ཚོང་གང་མགྱོགས་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།