འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་མེ་ལུན་གྱིས་དབྱིན་ཇིས་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་ཐད་སྤྱི་དམངས་ཀྱིས་འདེམས་
    ཤོག་འཕེན་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་25ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་དབྱིན་ཇིས་ཟླ་6ཚེས་23ཉིན་དབྱིན་ཇི་ཡོ་རོབ་མནའ་འབྲེལ་དུ་མུ་མཐུད་སྡོད་མིན་གྱི་གནད་དོན་ཐད་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཁ་མེ་ལུན་གྱིས་དེ་ཉིན་ནང་བློན་ཚོགས་འདུ་འཚོགས་རྗེས་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་ལ་དབྱིན་ཇི་སྲིད་གཞུང་གིས་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་རིང་དབྱིན་ཇི་མུ་མཐུད་ཡོ་རོབ་མནའ་འབྲེལ་ནང་སྡོད་རྒྱུའི་ཐད་འདེམས་ཤོག་འཕང་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།
         དེས་ན་དབྱིན་ཇིའི་རྒྱལ་ནང་དུ་སྔར་བཞིན་ཡོ་རོབ་མནའ་འབྲེལ་ནས་ཕྱིར་འཐེན་བྱེད་དགོས་པའི་རེ་འབོད་ཤུཌ་ཆེན་སྒྲོག་བཞིན་ཡོད། ད་ཐེངས་ཀྱི་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་རིང་ཡོ་རོབ་མནའ་འབྲེལ་ནས་བྲལ་རྒྱུའི་ཐད་ངོ་རྒོལ་དང་མོས་མཐུན་བྱེད་མཁན་གྱི་འཐབ་རྩོད་ཧ་ཅང་ཛ་དྲག་པོ་ཡོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།