འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་དམག་ཆེན་གཉིས་པའི་ལོ་རྒྱུས་དངོས་ལ་འཁྱོག་བཤད་བྱས་པར་ཨུ་རུ་སུས་སྐྱོན་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་20ཉིན་གྱི་དགོང་མོ་ཨུ་རུ་སུའི་ཕྱི་འབྲེལ་པུས་དཔྱད་གཏམ་སྤེལ་ནས་རི་པིན་གྱིས་དམག་ཆེན་གཉིས་པའི་ལོ་རྒྱུས་དངོས་ལ་འཁྱོག་བཤད་བྱས་པར་སྐྱོན་བརྗོད་བྱས་པ་རེད།
         ཨུ་རུ་སུའི་ཕྱི་འབྲེལ་པུའི་གསར་འགྱུར་སིའི་དཔྱད་གཏམ་ནང་རི་པིན་ཕྱོགས་ཀྱིས་ཨུ་རུ་སུ་དང་རི་པིན་གྱི་ཞི་བའི་ཆིངས་ཡིག་འགོད་རྒྱུའི་གནད་དོན་ཐད་གཏམ་བཤད་སྤེལ་བར་ཨུ་རུ་སུ་ཕྱོགས་ཀྱིས་དོ་སྣང་བྱུང་ཡོད་ལུགས་བརྗོད་ཡོད། རི་པིན་ཕྱོགས་ཀྱིས་ཨུ་རུ་སུ་དང་རི་པིན་དབར་གྱི“འཛམ་གླིང་དམག་ཆེན་གཉིས་པའི་མཇུག་བསྡོམས་ཚང་མ་བརྒྱབ་ཟིན་མེད་པ”དང་མངའ་ཁོངས་ས་ཆའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བརྗོད་ཡོད་པ་རེད།
         ཨུ་རུ་སུའི་ཕྱི་འབྲེལ་པུས་གནད་དོན་དེའི་ཐད་རི་པིན་གྱིས་1945ལོའི་ཟླ་9ཚེས་2ཉིན་མགོ་འདོགས་ཡི་གེར་དངོས་སུ་མིང་རྟགས་བཀོད་པ་དེ་ཐོག་ནས་རང་ཉིད་ཕམ་པ་ཁས་ལེན་དགོས་པ་མ་ཟད། སུའུ་ལེན་དང་དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པའི་མནའ་མཐུན་རྒྱལ་ཁབ་གཞན་གྱི་བྱ་སྤྱོད་ལ་དམིགས་ནས་འགན་འཁྲི་ཚང་མ་འཁུར་དགོས་ཞེས་བརྗོད་པ་རེད།
         ཨུ་རུ་སུའི་ཕྱི་འབྲེལ་པུས་1956ལོའི་《སུའུ་ལེན་དང་རི་པིན་གྱི་མཉམ་འབྲེལ་བསྒྲགས་གཏམ་》གྱིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱུང་བ་དེ“རི་པིན་གྱིས་དམག་འཁྲུག་རྗེས་ཀྱི་དོན་དངོས་ཁས་བླངས་པའི་རྨང་གཞིའི་ཐོག་ཡོངས་སུ་བཙུགས་པ་ཞིག་ཡིན”རི་པིན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་ཚོར་སྣང་སྐྱེན་པའི་གནད་དོན་ཐད་ཡོངས་བསྒྲགས་ངང་གྲོས་བསྡུར་བྱས་ནས་ལོ་རྒྱུས་དངོས་ལ་རང་དགར་འཁྱོག་བཤད་བྱེད་རྩིས་བྱེད་པ་དེར་ཨུ་རུ་སུ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་ཞེས་བརྗོད་པ་རེད།
         ཨུ་རུ་སུའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན་ཐུ་ཁེར་དུ་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་མངའ་ཁོངས་ས་ཆའི་གནད་དོན་མཐར་ཐུག་ཐག་གཅོད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།