འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྲུབ་གཉེར་འདུན་ཞུ་བྱེད་མཁན་གྲོང་ཁྱེར་བཞིས་2024ལོའི་ཨོ་རྩལ་འགྲན་ཚོགས་དང་
    དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྒྲུབ་གཉེར་འདུན་ཞུའི་སྙན་ཞུ་ཕུལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་2024ལོའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་སྒྲུབ་གཉེར་འདུན་ཞུའི་ལས་དོན་ཐད་ཀྱི་ཉིན་རེའི་ལས་རིམ་བཀོད་སྒྲིག་བྱས་པ་གཞིར་བཟུང་། སྒྲུབ་གཉེར་འདུན་ཞུ་བྱེད་མཁན་གྲོང་ཁྱེར་བཞི་སྟེ། ཕ་རི་སི་དང་། པུ་ཏ་ཕེ་སི། རོ་མ། ལུའོ་ཧྲན་ཅི་བཅས་ཚང་མས་དུས་བཅད་ཚེས་གྲངས་ཚེས་17ཉིན་གོང་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལ་ཁག་དང་པོའི་སྒྲུབ་གཉེར་འདུན་ཞུའི་སྙན་ཞུ་ཕུལ་བ་རེད།
         ཕ་རི་སིའི་སྒྲུབ་གཉེར་འདུན་ཞུའི་སྙན་ཞུ་གཞིར་བཟུང་། ཕ་རི་སི་གྲོང་ཁྱེར་གནས་ཡུལ་ཕ་རི་སི་ཁུལ་ཆེན་དེ་ཉིད་2024ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་བྱ་ཡུལ་གཙོ་བོར་འགྱུར་རྒྱུ་དང་ཧྲེང་ཏན་ཉི་རུ་ཡོད་པའི་ཧྥ་ལན་ཤིས་ལུས་རྩལ་ཐང་དེ་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་བྱ་ཡུལ་དུ་འགྱུར་རྒྱུ་མ་ཟད། འགོ་འཛུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོ་སྤེལ་ཡུལ་དུ་འགྱུར་རྒྱུ་ཡིན་པ་རེད།
         པུ་ཏ་ཕེ་སིའི་སྒྲུབ་གཉེར་འདུན་ཞུའི་འཆར་གཞིའི་ནང་ལུས་རྩལ་ཐང་དང་ལུས་རྩལ་ཁང་ས་ཁོངས་གཉིས་སུ་ཁ་འགྲེམ་རྒྱུ་སྟེ། དཔའ་བོའི་ཐང་ཆེན་ས་ཁོངས་དང་ཏུའོ་ནའོ་ཧོ་ས་ཁོངས་ཡིན་པ་དང་ས་ཁོངས་དེ་གཉིས་པོར་ལུས་རྩལ་ཐང་དང་ལུས་རྩལ་ཁང་7ཡོད་པ་རེད།
         རོ་མས་གཙོ་གནད་དེ་གྲོང་ཁྱེར་དེའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་གནའ་ཤུལ་ཐོག་འཇོག་རྒྱུ་ཡིན་པ་རེད།
         ལུའོ་ཧྲན་ཅི་ཡི་སྒྲུབ་གཉེར་འདུན་ཞུའི་སྙན་ཞུའི་ནང་གི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་མི་སྒེར་གྱི་ས་ནས་མ་དངུལ་གྲབས་གསོག་བྱས་ཏེ་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་དེ་ཡིན་པ་རེད།
         སྒྲུབ་གཉེར་འདུན་ཞུ་བྱེད་མཁན་གྲོང་ཁྱེར་བཞི་པོའི་ཐུན་མོང་ཁྱད་ཆོས་ནི་ཚང་མས་ད་ཡོད་ལུས་རྩལ་ཐང་དང་ལུས་རྩལ་ཁང་བེད་སྤྱོད་བྱ་རྒྱུར་བསམ་གཞིག་གང་ལེགས་བྱས་ཡོད་པ་དེ་རེད།
         གྲོང་ཁྱེར་བཞི་པོའི་སྒྲུབ་གཉེར་འདུན་ཞུའི་འཆར་གཞི་ཚང་མ་《ཨོ་ལིམ་ཕིག་གི་2020ལོའི་གྲོས་རིམ་》གྱི་དགོངས་དོན་དང་རྦད་དེ་མཐུན་པ་དང“སྒྲུབ་གཉེར་འདུན་ཞུ་བྱེད་མཁན་གྲོང་ཁྱེར་བཞི་པོ་ཚང་མས་རྒྱུན་སྲིང་འཕེལ་རྒྱས་ལ་དོ་ཁུར་བྱས་པ་དང་ལྷག་པར་དུ་ལུས་རྩལ་ཐང་དང་ལུས་རྩལ་ཁང་སྒྲིག་བཀོད་དག་ཨོ་རྩལ་འགྲན་ཚོགས་རྗེས་སྤྱོད་རྒྱུར་བསམ་གཞིག་ཡག་པོ་བྱས་ཡོད”ཅེས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧེས་བསྔགས་བརྗོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།