འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
    གསར་འགྱུར་ཆེ་གྲས་བཅུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:35】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
གསར་འགྱུར་ཆེ་གྲས་བཅུ་བདམས་པ།
         10.ཧེང་ཏ་རུ་ཁག་ལ“ཨང་དང་པོ་གཉིས”ཀྱི་འབྲས་བཟང་ཐོབ་པ།
         ཟླ་10ཚེས་31ཉིན་མཇུག་འགྲིལ་བའི་2015ལོའི་འགྲན་བསྡུར་དུས་ཚིགས་ཀྱི་ཀྲུང་གོའི་རིམ་འདས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་ཀོང་ཀྲོའུ་ཧེང་ཏ་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཨང་དང་པོ་ཐེངས་ལྔ་བསྟུད་མར་བླངས་པའི་འབྲས་བཟང་བཏོད་པ་དང་ཆབས་ཅིག ཧེང་ཏ་རུ་ཁག་གིས་ཨེ་ཤེ་ཡ་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨང་དང་པོའི་རིམ་མཚུངས་འགྲན་བསྡུར་ནང་ལོ་གསུམ་རིང་ཨང་དང་པོ་ཐེངས་གཉིས་བླངས་པ་རེད།
         འདི་ནི་ཟླ་11ཚེས་21ཉིན་ཀོང་ཀྲོའུ་ཧེང་ཏ་རུ་ཁག་གི་རུ་མིས་2014ལོ་དང་2015ལོའི་འགྲན་བསྡུར་དུས་ཚིགས་ཀྱི་ཨེ་ཤེ་ཡ་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨང་དང་པོའི་རིམ་མཚུངས་འགྲན་བསྡུར་གྱི་ཨང་དང་པོ་བླངས་རྗེས་ཀྱི་བྱ་དགའ་སྤྲོད་པའི་མཛའ་སྒོའི་ཐོག་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།