འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
    གསར་འགྱུར་ཆེ་གྲས་བཅུ་བདམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་30ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས་2015ལོའི་ཀྲུང་གོའི་ལུས་རྩལ་སྐོར་གྱི་
གསར་འགྱུར་ཆེ་གྲས་བཅུ་བདམས་པ།
         6.སུའུ་པིང་ཐན་གྱིས་ཀྲུང་གོའི་སྐྱེས་པའི་ཐུང་རྒྱུག་རུ་ཁག་གི་སྣེ་ཁྲིད་དེ་ལོ་རྒྱུས་ཐོག་གི་གྲུབ་འབྲས་ལེགས་ཤོས་བཏོད་པ།
         ཟླ་5ཚེས་30ཉིན་སུའུ་པིང་ཐན་གྱིས་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཕ་ལམ་རིམ་མཚུངས་འགྲན་བསྡུར་ཡིའུ་ཅིན་འགྲན་བསྡུར་ས་ཚིགས་ཀྱི་སྐྱེས་པའི་སྨི་100ཡི་འགྲན་བསྡུར་ནང་སྐར་ཆ་9.99ཡི་གྲུབ་འབྲས་ཐོག་ནས་ཨང་གསུམ་པ་བླངས་ཏེ་སྐར་ཆ་10ཡི་ནང་རྒྱུག་མཁན་ཀྲུང་གོའི་ལུས་རྩལ་པ་ཨང་དང་པོར་གྱུར་བ་རེད།
         ཟླ་8ཚེས་22ཉིན་གཉེར་འགོ་ཚུགས་པའི་པེ་ཅིང་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་ཐོག་སུའུ་པིང་ཐན་གྱིས་ཕྱེད་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་སླར་ཡང་སྐར་ཆ་9.99ཡི་གྲུབ་འབྲས་ཐོག་ནས་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི་བརྒྱའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ལ་ཞུགས་མཁན་ཨེ་ཤེ་ཡའི་བདམས་ཐོན་པ་ཨང་དང་པོར་གྱུར་བ་རེད།
         འདི་ནི་ཟླ་8ཚེས་29ཉིན་2015ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གྱི་སྨི་4×100ཡི་རྒྱུག་མཐུད་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་སུའུ་པིང་ཐན་གྱིས་སྣེ་ཁྲིད་པའི་ཀྲུང་གོའི་རུ་ཁག་གིས་སྐར་ཆ་38.01གི་གྲུབ་འབྲས་ཐོག་ནས་དངུལ་གྱི་རྟགས་མ་བླངས་པའི་གནས་ཚུལ་ཡིན་པ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】
      

    ཕྱོགས་བསྡུས་གསར་འགྱུར།