འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཕེ་རུས་ཨན་ཏི་སིའི་སྲོལ་རྒྱུན་ཟས་མཆོག་དུས་ཆེན་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་14ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཕེ་རུ་སྲིད་གཞུང་གིས་བཀའ་ཁྲིམས་ཁྱབ་བསྒྲགས་བྱས་ནས་ལོ་རེའི་ཟླ་གཉིས་པའི་གཟའ་ཉི་མ་དང་པོ་དེ“རྒྱལ་ཡོངས་ཕ་ཆ་མན་ཁ་ཉིན་མོར”གཏན་འཁེལ་བྱས་ནས་སྲོལ་རྒྱུན་ཟས་མཆོག་གི་རིག་གནས་དར་སྤེལ་བཏང་སྟེ་ཨན་ཏི་སི་རི་གྲོང་གི་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
         “ཕ་ཆ་མན་ཁ”ཞེས་པ་དབྱིན་ཏི་ཨན་ཁེ་ཆིའུ་ཡའི་སྐད་ནང“ས་གཞི་ཆེན་པོའི་སླ་ང”ཞེས་བརྗོད་ཅིང་། ཕེ་རུའི་ལོ་རྒྱུས་ཡུན་རིང་ལྡན་ལ་ཕ་མེས་ཡང་མེས་ནས་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་གྱི་རོ་མཆོག་ཚལ་རིགས་ཤིག་ཡིན། དབྱིན་ཏི་ཨན་བའི་གོམས་སྲོལ་གཞིར་བཟུང་སྲོལ་རྒྱུན་དུས་ཆེན་དང་། ཕྲུ་གུ་བཙའ་བ། གཉེན་སྒྲིག གནས་སྤོ་སོགས་བཀྲ་ཤིས་རྟེན་འབྲེལ་བྱེད་སྒོ་གཉེར་སྐབས་ཚང་མས་མཉམ་དུ“ཕ་ཆ་མན་ཁ”བཟོ་གི་ཡོད།
         ཕེ་རུའི་གཞུང་ཕྱོགས་ཉིན་རེའི་ཚགས་པར་《ཕེ་རུ་བའི་》ཚགས་པར་ཐོག་ཁྱབ་བསྒྲགས་བྱས་པའི་གོང་གསལ་གྱི་བཀའ་ཁྲིམས་ནང་2003ལོ་ནས་བཟུང་ཕེ་རུ་རྒྱལ་ཁབ་རིག་གནས་ཅུས་(ད་ཆ་རིག་གནས་པུའུ)ཀྱིས“ཕ་ཆ་མན་ཁ”དེ་ཉིད“རྒྱལ་ཁབ་ཀྱི་རིག་གནས་ཤུལ་བཞག”ནང་བཅུག་ཡོད་ཅེས་འཁོད་ཡོད། ད་ཆ་ཕེ་རུ་ཞིང་ལས་པུས་ལོ་ངོ་སྟོང་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་ཟས་མཆོག་གི་དུས་ཆེན་གཉེར་བས་དབྱིན་ཏི་ཨན་གྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་མ་ཟད། ཡུལ་དེ་གའི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་ཡང་སྐུལ་འདེད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།