འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི་མི་རིགས་ཁུལ་དང་གྲོང་ཁྱེར་གྱི་ལག་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་
    དངོས་སུ་མཇུག་བསྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་10ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་7ཉིན་ཉིན་7རིང་དུ་འགྲན་རྩོད་ཐེངས་24བྱས་པ་བརྒྱུད་སྐབས་དང་པོའི་མི་རིགས་ཁུལ་དང་གྲོང་ཁྱེར་གྱི་ལག་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ལྷ་ས་གྲོང་ཁྱེར་དུ་དངོས་སུ་མཇུག་བསྒྲིལ་བ་དང་། ལྷ་ས་དག་ཞིང་རུ་ཁག་གིས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་དང་། ཡུན་ནན་ཏ་ལི་དང་ཡུན་ནན་བདེ་ཆེན་རུ་ཁག་གིས་ཨང་གཉིས་པ་དང་གསུམ་པ་བླངས་པ་རེད།
         ཐེངས་འདིའི་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་གནང་བ་དང་། གྲོང་ཁྱེར་གྱི་སློབ་གསོ་ལུས་རྩལ་ཅུས་ཡིས་གཉེར་འགན་ཁུར་ཞིང་། ཤིན་ཅང་ཝུའུ་རུམ་མུ་ཆི་གྲོང་ཁྱེར་དང་། ། ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། ཅི་ལིན་ཡན་པེན་ཁྲའོ་ཞན་རིགས་རང་སྐྱོང་ཁུལ། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཝུན་ཧྲན་ཀྲོང་རིགས་མིའོ་རིགས་རང་སྐྱོང་ཁུལ། སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཏ་ལི་པའེ་རིགས་རང་སྐྱོང་ཁུལ། ཀན་སུའུ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཁུལ། བོད་ལྗོངས་ལྷ་ས་གྲོང་ཁྱེར་བཅས་ཀྱི་འཐུས་ཚབ་རུ་ཁག་10འགྲན་བསྡུར་ལ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།