འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དམངས་ཚོགས་ཁྲི་12ཙམ་གྱིས་རྒྱལ་ཚོགས་ཁང་ཆེན་མདུན་དུ་བདེ་འཇགས་
    སྲུང་སྐྱོབ་ཁྲིམས་གཞིར་རྒོལ་གཏམ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན་གྱི་ཕྱི་དྲོ་རི་པིན་གྱི་དམངས་ཚོགས་ཁྲི་12ཙམ་གྱིས་ཐོ་ཁེའོ་ཡི་རི་པིན་རྒྱལ་ཚོགས་ཁང་ཆེན་མདུན་དུ་བདེ་འཇགས་སྲུང་སྐྱོབ་ཁྲིམས་གཞིར་ངོ་རྒོལ་བྱེད་པའི་འདུ་འཛོམས་བྱས་ཏེ“ཨན་པེ་སྲིད་སྟེགས་ནས་བབ་དགོས”ཞེས་དང“བདེ་འཇགས་སྲུང་སྐྱོབ་ཁྲིམས་གཞི་དོར་དགོས”ཞེས་པ་སོགས་ཀྱི་འབོད་ཚིག་རྒྱལ་ཚོགས་ཁང་ཆེན་མདུན་དུ་གྲགས་པ་དང་དེ་ནི་ཉེ་བའི་ལོ་ཤས་རིང་རི་པིན་གྱི་གཞི་ཁྱོན་ཆེ་ཤོས་དང་མི་གྲངས་མང་ཤོས་ཀྱི་བདེ་འཇགས་སྲུང་སྐྱོབ་ཁྲིམས་གཞིར་ངོ་རྒོལ་བྱེད་པའི་རྒོལ་གཏམ་གཏོང་བའི་འདུ་འཛོམས་ཤིག་ཡིན་ཞིང་། འདི་ནི་ཟླ་8ཚེས་30ཉིན་རི་པིན་གྱི་ཐོ་ཁེའོ་ཡི་རྒྱལ་ཚོགས་མདུན་དུ་མི་རྣམས་ཀྱིས“ང་ཚོས་བུ་ཕྲུག་གཡུལ་སར་གཏོང་མི་སྲིད”ཅེས་པའི་སྦྱར་ཚིག་འཁྱེར་ནས་བདེ་འཇགས་སྲུང་སྐྱོབ་ཁྲིམས་གཞིར་ངོ་རྒོལ་བྱེད་པའི་རྒོལ་གཏམ་གཏོང་བའི་འདུ་འཛོམས་ནང་ཞུགས་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།