འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།པེ་ཅིང་དུ་འབད་བརྩོན་བྱེད་བཞིན་པའི་བོད་རིགས་ན་གཞོན་ཚོའི་གཏམ་རྒྱུད།
         ཟླ་བ་ཚེ་རིང་། 《རེ་སྨོན་》ཞེས་པའི་གློག་བརྙན་ལ་བལྟས་པ་ལས་པེ་ཅིང་དུ་ཡོང་བ།
         ཟླ་བ་ཚེ་རིང་ནི་1977ལོའི་ཟླ་7པར་སྐྱེས་པ་དང་། ཕ་ཡུལ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣེ་ཤང་གུ་རུ་གྲོང་ཚོ་ནས་ཡིན་ཞིང་། བོད་ལྗོང་སློབ་ཆེན་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་སློབ་གྲྭ་ཐོན་པ་རེད། 2000ལོའི་ཟླ་7པར་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ལས་སྒྲུབ་མི་སྣ་བསྡུ་བ་དང་ལེན་བྱས་ནས་བོད་ལྗོངས་དང་ཐེངས་པོར་ཁ་བྲལ་ཏེ་པེ་ཅིང་དུ་ལས་ཀ་བྱེད་པར་ཡོང་བ་རེད། ད་སྐབས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་དུ་ལས་ཀ་བྱེད་བཞིན་ཡོད།
         ཟླ་བ་ཚེ་རིང་གིས་གལ་སྲིད་པེ་ཅིང་གི་ལས་ཁུངས་ཤིག་གིས་ལས་སྒྲུབ་མི་སྣ་བསྡུ་བའི་གོ་སྐབས་དང་འཕྲད་མེད་ན། ཁོ་བོ་ནི་ཕལ་ཆེར་བོད་ལྗོངས་སུ་བོད་ཡིག་གི་དགེ་རྒན་ཞིག་བྱེད་ཀྱི་ཡོད། ཐོག་མར་པེ་ཅིང་དུ་སླེབས་སྐབས་པེ་ཅིང་གི་འཚོ་བ་དང་དེ་ཙམ་འཕྲོད་ཀྱི་མེད་ཅིང་། ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པའི་སྡོད་ཁང་སྨི་གྲུ་བཞི་མ་10ཙམ་ཡོད་པར་བསྡད་པ་དང་། རྗེས་མར་གང་སར་ཕྱིན་ཏེ་ཁང་པ་གླས་ཏེ་བསྡད་པ་ཡིན། པེ་ཅིང་དུ་འཚོ་བ་སྐྱེལ་རྒྱུ་ནི་དེ་འདྲའི་ལས་སླ་པོ་མིན། ཁོ་བོ་པེ་ཅིང་གི་ཕྱོགས་བཞིར་བསྡད་མྱོང་སྟེ། ཞང་ཧྲན་དང་། ཏ་ཞིན། ཧོ་ཕིན་ལི། ཀྲུང་ཀོན་ཚུན་སོགས་སུ་བསྡད་མྱོང་། སྐབས་དེར་ཞང་ཧྲན་དུ་བསྡད་སྐབས། སྡོད་གནས་ཀྱི་ཆ་རྐྱེན་ཧ་ཅང་སྐྱོ་བ་སྟེ། སྡོད་ཁང་གི་འགྲམ་ན་བེད་མེད་དངོས་རྫས་བསྡུ་གསོག་ས་ཚུགས་དང་ཞིང་པའི་སྔོ་ཚོད་འདེབས་ས་ཡིན་པས། དགོང་མོར་ངལ་གསོ་ཡག་པོ་གཏན་ནས་བྱེད་མི་ཐུབ། འོན་ཀྱང་མྱོང་བ་འདི་དག་ལས་ཁོ་བོ་ཁྱིམ་མཚེས་མང་པོ་ཞིག་དང་གྲོགས་པོ་ཆགས་པ་དང་། མི་མང་པོ་ཞིག་ཀྱང་ངོ་ཤེས་པར་གྱུར་ཞེས་བརྗོད། 
         ཟླ་བ་ཚེ་རིང་གིས་པེ་ཅིང་དུ་འཚོ་བ་ཧ་ཅང་སྟབས་བདེ་པོ་ཡིན་ཞིང་།  དྲ་ཐོག་ནས་དངོས་ཟོག་ཉོ་བ་དང་ལག་ཁྱེར་ཁ་པར་ནས་དངུལ་གཏོང་སྤྲོད་བྱེད་པ་ནི་རྒྱུན་ལྡན་ཅན་ཞིག་ཏུ་འགྱུར་ཡོད་པ་དང་། སྡེ་ཁུལ་གྱི་ཚོང་ཁང་ཆུང་ཆུང་ནང་ནས་ཅ་ལག་ཉོས་ནའང་ལག་ཁྱེར་ཁ་པར་ནས་དངུལ་གཏོང་སྤྲོད་བྱས་ཆོག དུས་མི་རིང་བའི་མ་འོངས་པར་བོད་ལྗོངས་སུ་ཡང་སྟབས་བདེ་འདི་རིགས་མངོན་འགྱུར་བྱུང་བར་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
    【1】  【2】  【3】
      

    ཕྱོགས་བསྡུས་གསར་འགྱུར།