འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་སྨན་པ་མཁས་ཅན་ལས་གྲུབ་པའི་འོས་འགན་སྨན་བཅོས་རུ་ཁག་རྔ་པ་
    ཀྲོའུ་ཧུང་ཡོན་རྫོང་དུ་སྨན་བཅོས་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་19ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་བསྟུད་མར“སི་ཁྲོན་གྱི་སྨན་པ་མཁས་ཅན་སི་ཁྲོན་ཡོངས་སུ་སྤྱི་ཕན་འོས་འགན་སྨན་བཅོས་བྱེད་པར་སྐྱོད་པའི་བྱེད་སྒོ་ཆེ་གྲས་ཀྱི་རྣམ་གྲངས་ཚོགས་ཆུང”གིས་སི་ཁྲོན་ཀྲུང་ལུགས་གསོ་རིག་མཆིན་ནད་སྨན་ཁང་དང་མཉམ་དུ་ཧུང་ཡོན་རྫོང་དུ་བསྐྱོད་དེ་ཧུང་ཡོན་རྫོང་འཕྲོད་བསྟེན་ཅུས་དང་མཉམ་འབྲེལ་ཐོག་ཀུང་ཤིས་གྲོང་རྡལ་གྱི་མི་སེར་བརྒྱ་གྲངས་དང་དེ་བཞིན་ཧུང་ཡོན་གནམ་ཐང་གི་ལས་བཟོ་ཡོངས་ལ་མཆིན་ནད་དང་། ཁྲག་ཤེད། ཁྲག་མངར་གྱི་ནད་གཞི། མཁྲིས་ནད། བུད་མེད་ཀྱི་ནད་གཞི་བཅས་ཕོག་མིན་བརྟག་དཔྱད་བྱས་པ་རེད།
         མིག་སྔར་མི་གྲངས་200ལྷག་ཙམ་ལ་བརྟག་དཔྱད་བྱས་པའི་ནང་མི་20ལ་ཡང་བའི་རང་བཞིན་གྱི་མཆིན་ཚད་དང་མཆིན་ནད་ཕོག་པ་བརྟག་དཔྱད་བྱུང་རྗེས་འོས་འགན་སྨན་བཅོས་རུ་ཁག་གིས་ནད་པའི་བློ་འདྲི་དང་ལེན་བྱས་པ་དང་འབྲེལ་སྨན་བཅོས་ཇུས་གཞི་ཡང་བཏོན་ཡོད། སྨན་ཁང་ཕྱོགས་ཀྱིས་དཀའ་ངལ་ཡོད་པའི་ནད་པའི་སྨན་རིན་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་བྱས་པ་རེད། ཟླ་6ཚེས་17ཉིན་འོས་འགན་སྨན་བཅོས་རུ་ཁག་གིས་ཝ་ཆེ་གྲོང་རྡལ་དུ་བསྐྱོད་ནས་ས་གནས་དེ་གའི་འབྲོག་པའི་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།