འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་རི་སིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་སྟོན་འགོ་ཚུགས་པ།

    ཀྲུང་གོའི“ཤའོ་ལུང”རྟགས་ཅན་གྱི་དམག་འཐབ་གནམ་གྲུས་འཕུར་སྐྱོད་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྐབས་51པའི་ཕ་རི་སིའི་པུའར་ཞེ་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས(ཕ་རི་སིའི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས)དེ་ཚེས་15ཉིན་ཕ་རི་སིའི་བྱང་འདེབས་པུའར་ཞེ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་དངོས་སུ་འགོ་ཚུགས་པ་དང་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་དང་ཕ་ཁི་སི་ཐན་གྱིས་མཉམ་དུ་ཞིབ་བཟོ་བྱས་པའི“ཤའོ་ལུང”རྟགས་ཅན་གྱི་དམག་འཐབ་གནམ་གྲུས་ཕ་རི་སིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཐོག་འཕུར་སྐྱོད་འཁྲབ་སྟོན་ཐོག་མ་དེ་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་དང་། ཀྲུང་གོ་ཚོང་དོན་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་ལྕགས་རི་རིང་པོ་བཟོ་ལས་ཚོགས་པ་སོགས་ཀྲུང་གོའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཁེ་ལས་བཅུ་ལྷག་ཙམ་གྱིས་རང་རང་སོ་སོའི་གྲུབ་འབྲས་གསར་ཤོས་དང་རྩེར་སོན་ཐོན་རྫས་འཁྱེར་ནས་ཕ་རི་སིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ནང་ཞུགས་པ་རེད། “ཤའོ་ལུང”རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཕུད་ཀྲུང་གོ་རང་ཉིད་ཀྱིས་བཟོས་པའི་གནམ་གྲུ་ཆེན་པོ—ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་C919རྣམ་གྲངས་དེར་དོ་ཁུར་ཆེན་པོ་བྱུང་བ་རེད། ལྕགས་རི་རིང་པོ་བཟོ་ལས་ཚོགས་པས་གཙོ་བོ“རྒྱང་སྐྱོད”རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་རིམ་ཕྲེང་དང་དེ་བཞིན་རྒྱ་མཚོའི་སྲུང་སྐར་དང་། ཐོན་ཁུངས་སྲུང་སྐར། རླུང་འཕྲིན་གྱི་གནམ་གཤིས་སྲུང་སྐར་སོགས་སྲུང་སྐར་སྟེགས་བུར་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།