འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཕྱི་འབྲེལ་པུའུ་ཀྲང་གིས“རྒྱུད་གཅིག་ལམ་གཅིག”ལ་བརྟེན་ནས་
    ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་སྐུལ་མ་
    གཏོང་འདོད་ཡོད་ཚུལ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།  ཉེ་ཆར། ཧྥ་རན་སེའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཧྥ་པི་ཡིའུ་སིས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་ལས་བྱུང་བའི་གོ་སྐབས་ལ་བརྟེན་ནས་ཧྥ་རན་སེ་དང་ཀྲུང་གོའི་དབར་གྱི་ཉོ་ཚོང་མཉམ་ལས་ཤུགས་ཆེར་གཏོང་འདོད་ཡོད་ཚུལ་བསྟན་པ་རེད།
         ཧྥ་རན་སེའི་ནོ་མན་ཏིའི་ས་ཁུལ་ཆེན་མོའི་གྲོས་ཚོགས་ཀྱིས་ཉིན་དེར་གླེང་སྟེགས་འཚོགས་ནས“རྒྱུད་གཅིག་ལམ་གཅིག”ཀྱི་བསམ་ཚུལ་གྱི་རྒྱབ་ལྗོངས་ལས་བྱུང་བའི་ཀྲུང་གོ་དང་ནོ་མན་ཏིའི་དབར་གྱི་མཉམ་ལས་ཀྱི་གོ་སྐབས་གསར་པར་ཞིབ་འཇུག་དང་གྲོས་བསྡུར་བྱས་ཤིང་། ཧྥ་པི་ཡིའུ་སིས་གླེང་སྟེགས་ཐོག་ཤིས་ཚིག་གསུང་སྐབས། ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་ཉིད་ཀྲུང་གོའི་དཔལ་འབྱོར་དང་ཕྱི་འབྲེལ་གྱི་སྲིད་ཇུས་གལ་ཆེན་ཞིག་ཏུ་ཆགས་པ་དེས་ཨེ་ཤེ་ཡ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་འབྲེལ་ཡོད་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་གོ་སྐབས་བཟང་པོ་ཞིག་གཏོད་ཡོད་ཅེས་གསུངས།
         ཁོང་གིས་དེ་ལྟའི་རྒྱབ་ལྗོངས་འོག་ཧྥ་རན་སེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གསུམ་པའི་ཁྲོམ་ར་གསར་སྤེལ་བྱེད་པའི་བརྒྱུད་རིམ་ལ་སྐུལ་མ་མགྱོགས་སུ་བཏང་ནས་ཧྥ་རན་སེ་དང་ཀྲུང་གོའི་ཁེ་ལས་ཀྱི་ཐུན་མོང་ཁེ་ཕན་དང་འཚམས་པའི་རྣམ་གྲངས་ཞིབ་ཕྲ་སྔ་ཙམ་འདོན་རྒྱུར་བརྩོན་ལེན་བྱ་རྒྱུའི་ངོས་འཛིན་གནང་བ་རེད།
         ད་དུང་ཧྥ་པི་ཡིའུ་སིས“རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་གྱིས་ཧྥ་རན་སེའི་ས་ཁུལ་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད་ཅེས་དང་། ཁོང་གིས་ད་ཆ་ཀྲུང་གོས་ཧྥ་རན་སེར་མ་འཇོག་བྱེད་པའི་རྟིང་ཤུགས་ཆེན་པོ་ལྡན་པ་མངོན་ལ། ཀྲུང་གོའི་ཡུལ་སྐོར་བ་ཧྥ་རན་སེར་ཡུལ་སྐོར་དུ་ཡོང་བའི་མདུན་ལམ་ཡང་ཡངས་པོ་ལྡན་པས། “རྒྱུད་གཅིག་ལམ་གཅིག”གི་བསམ་ཚུལ་གྱི་སྐུལ་འདེད་འོག་ནོ་མན་ཏི་དང་འདྲ་བའི་ཡུལ་སྐོར་དང་ཚོང་དོན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཧྥ་རན་སེའི་ས་ཁུལ་ལ་ཀྲུང་གོས་སྔར་བས་མ་འཇོག་དང་ཡུལ་སྐོར་བ་མང་པོ་ཡོང་བའི་ཡིད་དབང་འགུགས་རྒྱུ་ཡིན་པ་ཡིད་ཆེས་ཡོད་ཅེས་གསུངས།
         ཧྥ་རན་སེའི་ཚོང་དོན་མ་འཇོག་ཧྲུའུ་ཡི་བསྡོམས་རྩིས་ལ་གཞིགས་ན། ཀྲུང་གོས་ཧྥ་རན་སེར་མ་འཇོག་བྱས་པའི་རྣམ་གྲངས་དེས་རྒྱལ་ཁབ་གཞན་གྱིས་ཧྥ་རན་སེར་མ་འཇོག་བྱས་པའི་རྣམ་གྲངས་བསྡོམས་འབོར་གྱི་3.7%བཟུང་བ་དང་། ཧྥ་རན་སེའི་གཞུང་ཕྱོགས་ཀྱི་བསྡོམས་རྩིས་ལྟར་ན། 2014ལོར་ཀྲུང་གོའི་ཡུལ་སྐོར་བ་ཧྥ་རན་སེར་ཡུལ་སྐོར་བྱེད་ཚད་མི་ཐེངས་ཁྲི་200ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།