འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི“རྒྱལ་ཡོངས་ཐཱན་ཉུང་ཉིན་མོའི”བྱེད་སྒོ་པེ་ཅིང་དུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི“རྒྱལ་ཡོངས་ཐཱན་ཉུང་ཉིན་མོའི” བྱེད་སྒོ་ཚེས་15ཉིན་པེ་ཅིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། རང་རྒྱལ་གྱི་རྒྱལ་ཡོངས་ཐཱན་ཉུང་ཉིན་མོ་ཐེངས་གསུམ་པ་ཡིན་པའི་ངོས་ནས་བརྗོད་ན། འདི་ལོ་རྒྱལ་ཡོངས་ཐཱན་ཉུང་ཉིན་མོའི་བརྗོད་བྱ་གཙོ་བོ་ནི“ཐཱན་ཉུང་ཅན་གྱི་གྲོང་ཁྱེར་སྟེ། སྡོད་འཕྲོས་རྒྱུན་མཐུད”ཅེས་པ་དེ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཡུང་གིས་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་ལས་ཐོན་པའི་ཐོན་ཁུངས་དང་ནུས་རྒྱུ་མི་འདང་བ་དང་། ཁོར་ཡུག་གི་ཚོད་འཛིན་ཆེ་རུ་སོང་བ། ཐཱན་འབུད་ཚད་མགྱོགས་དྲགས་པ་སོགས་ཀྱི་གནད་དོན་དེ་གྲོང་ཁྱེར་དུ་གཅིག་སྡུད་ཐོག་མངོན་ཡོད། འགྲིམ་འགྲུལ་འགག་པ་དང་། ཐོན་ཁུངས་དཀོན་པ། ཁོར་ཡུག་སྦགས་བཙོག སྣོད་བཅུད་ལ་གཏོར་བཤིག་ཕོག་པ་སོགས“གྲོང་ཁྱེར་གྱི་ནད་རོ”ཉིན་རེ་བཞིན་གང་སར་མཆེད་པ་དང་། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་དྲོད་ཚད་དང་། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནམ་གཤིས་ངན་པ་ཡང་ཡང་བསྟན་པ་དེས་གྲོང་མིའི་བདེ་འཇགས་དང་གྲོང་ཁྱེར་གྱི་རྒྱུན་གཏན་འཁོར་སྐྱོད་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད་ཅེས་བཤད་པ་རེད།
         ན་ནིང་ཟླ་11པར་སྤེལ་བའི《ཀྲུང་གོ་དང་ཨ་རིའི་གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་གསལ་བསྒྲགས》ནང་ཀྲུང་གོས་2030ལོའི་གཡས་གཡོན་དུ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་མཐོ་ཤོས་སུ་སླེབས་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་2030ལོར་སླེབས་སྐབས་འགྱུར་རྡོ་མིན་པའི་ནུས་ཁུངས་ཀྱིས་ཐེངས་གཅིག་ནུས་རྒྱུའི་འཛད་སྤྱོད་ནང་བཟུང་བའི་བསྡུར་ཚད་དེ་20%ཙམ་མཐོ་རུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
         ཀྲང་ཡུང་གིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅག་ནས་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་དང་དུས་ཀྱི་འཕེལ་ཕྱོགས་ཤིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པ་རི་སིའི་གྲོས་ཚོགས་ཐོག་ཐུན་མོང་གི་གྲོས་མཐུན་གསར་པ་ཞིག་ཆགས་རྒྱུར་ཤུགས་བརྒྱབ་ནས་རྒྱལ་ཁབ་ཁག་གིས་2020ལོའི་རྗེས་སུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།
         2015ལོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བརྗོད་བྱ་གཙོ་བོའི་འགྲེམས་སྟོན་ཚེས་15ཉིན་འགོ་ཚུཌ་པ་དེ་ནི་རང་རྒྱལ་གྱི“གོ་ལ་ཧྲིལ་པོའི་ཐཱན་ཉུང་ཉིན་མོ”ཐོག་མ་དེ་ནས་བཟུང་ལོ་གསུམ་བསྟུད་མར་གཉེར་བ་ཞིག་རེད།
         སྤྱི་ཚོགས་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད་2012ལོའི་ཟླ་9པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2013ལོ་ནས་བཟུང་ལོ་ལྟར་གྱི་ཟླ་6པའི་རྒྱལ་ཡོངས་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར་གྱི་ཉིན་གསུམ་པ་དེ་རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོར་གཏན་འཁེལ་བྱས་ཡོད། དེ་ནི་རང་རྒྱལ་གྱི་ཐཱན་ཉུང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་གཏན་འབེབས་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏན་གཅོག་པའི་ཤེས་བྱ་ཁྱབ་གདལ་དང་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དྲིལ་བསྒྲགས་བྱེད་པའི་བསམ་གཞིར་རྒྱབ་སྐྱོར་དང་མཐོང་ཆེན་བྱས་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།