འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྤྱི་གསོག་མ་དངུལ་གྱི“རྩིས་ཐོ”ཁྱབ་བསྒྲགས་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་15ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་《རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་སྐོར་གྱི་2014ལོའི་ལོ་འཁོར་གྱི་སྙན་ཞུ་》(གཤམ་དུ《སྙན་ཞུ་》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་ནི་2009ལོའི་ཚུན་དུ་རང་རྒྱལ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི“རྩིས་ཐོ”ཁྱབ་བསྒྲགས་ཐེངས་དང་པོ་བྱས་པ་ཞིག་རེད་ལ་དེ་ཐོག་ནས་རང་རྒྱལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་རིམ་གསུམ་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་དངོས་སུ་ཆགས་པའང་མཚོན་གྱི་ཡོད། སླད་ཕྱིན་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཆ་འཕྲིན་ལོ་ལྟར་ཁྱབ་བསྒྲགས་ཐེངས་རེ་བྱ་རྒྱུ་རེད།
         《སྙན་ཞུ་》ཡི་ནང་མིག་སྔར་རང་རྒྱལ་གྱི་སྤྱི་གསོག་མ་དངུལ་དངོས་སུ་འཇལ་སྤྲོད་བྱེད་མཁན་ལས་བཟོ་དུང་ཕྱུར་1.188ཟིན་གྱི་ཡོད། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་བསྡོམས་འབོར་སྒོར་དུང་ཕྱུར་74852.68ཟིན་པའི་ནང་ནས་བླངས་ཟིན་པ་ཕུད་ན་འཇལ་བཅོལ་ལྷག་གྲངས་སྒོར་དུང་ཕྱུར་37046.83ཟིན་པ་དང་། རིམ་རྩིས་བྱས་ན་མི་སྒེར་གྱི་སྡོད་ཁང་ཉོ་སྒྲུབ་དངུལ་བུན་ཁག་ཁྲི་2185.85བཏང་བར་སྒོར་དུང་ཕྱུར་42245.3ཟིན་པ། ལོ་མཇུག་ཏུ་མི་སྒེར་གྱི་སྡོད་ཁང་ཉོ་སྒྲུབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་25521.94ཟིན་པ་དང་མི་སྒེར་གྱི་སྡོད་ཁང་ཉོ་སྒྲུབ་དངུལ་བུན་གཏོང་ཚད་68.89%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་0.33འཕར་བ་བཅས་མངོན་ཡོད་པ་རེད།
         《སྙན་ཞུ་》ཡི་ནང་རང་རྒྱལ་གྱི་སྤྱི་གསོག་མ་དངུལ་དོ་དམ་བེད་སྤྱོད་སྒྲིག་གཞིའི་སྤྱི་འབོར་ཁྱབ་བསྒྲགས་ཐོག་མར་བྱས་ཡོད་པ་སྟེ། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཆུས་བཙུགས་གྲོང་ཁྱེར་(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚུད་པ)དུ་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཁྱོན་342བཙུགས་པའི་ནང་སྤྱི་གསོག་མ་དངུལ་དོ་དམ་ནང་ཞུགས་པའི་བྱ་གཞག་ཚན་པ་129དང་བྱ་གཞག་ཚན་པ་དཀྱུས་མ་213ཡོད། རྒྱལ་ཡོངས་སུ་ད་དུང་ཆུས་བཙུགས་གྲོང་ཁྱེར་གྱི་གཅིག་གྱུར་དོ་དམ་ནང་བཅུག་མེད་པའི་ཡན་ལག་ལྟེ་གནས་208ཡོད་པའི་ནང་རྫོང་(གྲོང་ཁྱེར་དང་ཆུས)གི་ཡན་ལག་ལྟེ་གནས་98དང་། རྡོ་སྣུམ་དང་། གློག་ཤུགས། རྡོ་སོལ་སོགས་ཁེ་ལས་ཀྱི་ཡན་ལག་ལྟེ་གནས་86 ཞིང་ཆེན་ཐད་གཏོགས་ཡན་ལག་ལྟེ་གནས་24བཅས་ཡོད། རྒྱལ་ཡོངས་ཀྱི་སྤྱི་གསོག་མ་དངུལ་དོ་དམ་སྒྲིག་གཞིར་ལས་ཞུགས་མི་སྣ་ཁྲི་3.66ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།