འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལ་ཐིན་ཨ་མེ་རི་ཁ་གླིང་དང་ཁ་ལི་པི་སྒྱུ་རྩལ་དུས་ཀྱི་ཞབས་བྲོའི་དགོང་ཚོགས་པེ་ཅིང་དུ་
    འཁྲབ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 16:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལ་ཐིན་ཨ་མེ་རི་ཁ་གླིང་དང་ཁ་ལི་པི་སྒྱུ་རྩལ་དུས་ཀྱི་ཞབས་བྲོའི་དགོང་ཚོགས་པེ་ཅིང་དུ་
འཁྲབ་སྟོན་བྱས་པ།
         ཟླ་5ཚེས་7ཉིན་གྱི་དགོང་མོར་སྐབས་15པའི"པེ་ཅིང་དུ་འཛོམས་པ"ཞེས་པའི་སྒྱུ་རྩལ་དུས་ཆེན་ཀྱི་ལ་ཐིན་ཨ་མེ་རི་ཁ་གླིང་དང་ཁ་ལི་པི་སྒྱུ་རྩལ་དུས་ཀྱི་ཞབས་བྲོའི་དགོང་ཚོགས་པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཆུས་ཀྱི་མི་རིགས་ཟློས་གར་ཁང་དུ་གཟབ་རྒྱས་ངང་འཚོགས་འགོ་བརྩམས་ཤིང་། དགོང་ཚོགས་ཐོག་ཨ་ཀེན་ཐིན་དང་། ཁུ་པ། ཁོ་ལོམ་པི་ཡ། ཕེ་རུ། ཆི་ལི། ཁོ་སི་ཐ་རི་ཁ་བཅས་པའི་རྒྱལ་ཁབ་ནས་ཕེབས་པའི་སྒྱུ་རྩལ་པ་ཚོས་ཏེ་ལ་ཐིན་ཨ་མེ་རི་ཁ་གླིང་གི་ཞབས་བྲོ་དང་གླུ་དབྱངས་ངོ་མའི་ཐོག་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ལ་ཐིན་ཨ་མེ་རི་ཁ་གླིང་གི་རིག་གནས་ཀྱི་གོ་བ་ལེན་དུ་བཅུག་པ་རེད།
         ཐེངས་འདིའི་བྱེད་སྒོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་པུས་གཙོ་གཉེར་དང་། ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཚོགས་པའི་ཀུང་སིས་གཉེར་འགན་ཁུར་ནས་མི་རིགས་ཟློས་གར་ཁང་དུ་རོལ་དབྱངས་དང་། ཞབས་བྲོ། གླུ་གཞས་བཅས་གཅིག་ཏུ་འཛོམས་པའི་སྒྱུ་རྩལ་གྱི་གསོལ་སྟོན་ཞིག་བཤམས་པ་རེད།
    【1】  【2】  【3】  【4】
    ༄༅།།ལ་ཐིན་ཨ་མེ་རི་ཁ་གླིང་དང་ཁ་ལི་པི་སྒྱུ་རྩལ་དུས་ཀྱི་ཞབས་བྲོའི་དགོང་ཚོགས་པེ་ཅིང་དུ་
འཁྲབ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།