འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འཕྲོད་བསྟེན་རིམས་འགོག་རུ་ཁག་གིས་ནེ་པ་ལར་རྒྱལ་མཚམས་སྒྲོལ་བའི་ནད་
    ཡམས་ཚོད་འཛིན་ལས་དོན་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་འཕྲོད་བསྟེན་རིམས་འགོག་རུ་ཁག་གིས་ནེ་པ་ལར་རྒྱལ་མཚམས་སྒྲོལ་བའི་ནད་
ཡམས་ཚོད་འཛིན་ལས་དོན་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ནེ་པ་ལ་སྲིད་གཞུང་གི་རེ་ཞུ་ལྟར་ཚེས་4ཉིན་གྱི་ཆུ་ཚོད་11ཐོག་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་པ་ལས་གྲུབ་པའི་འཕྲོད་བསྟེན་རིམས་འགོག་རུ་ཁག་འགྲམ་འགག་སྒོ་བརྒྱུད་ནེ་པ་ལར་རྒྱལ་མཚམས་སྒྲོལ་བའི་འཕྲོད་བསྟེན་རིམས་འགོག་ལས་དོན་སྤེལ་བ་རེད། ཁོང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་ཕྲའི་བྱེད་ཐབས་ནི་སྔོན་ལ་དུད་ཚང་དུ་བསྐྱོད་དེ་ས་ཆ་དེ་གའི་རིམས་ནད་གནས་ཚུལ་ལ་ལྟ་བ་དང་། དེ་རྗེས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཕུང་པོ་དང་སྲོག་ཆགས་ཀྱི་རོ་འབོར་ཆེན་ལ་དུག་སེལ་བྱེད་པ་དང་ས་འོག་ཏུ་སྦས་པ། འཐུང་ཆུའི་ཆུ་འགོར་དུག་སེལ། སྦྲང་འབུ་གསོད་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱས་ཤིང་། འདི་ནི་ཟླ་5ཚེས་5ཉིན་བོད་ལྗོངས་འཕྲོད་བསྟེན་རིམས་འགོག་རུ་ཁག་གིས་ནེ་པ་ལའི་ས་ཡོམ་གེགས་ཁུལ་དུ་དུག་སེལ་དང་རིམས་འགོག་ལས་དོན་སྤེལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།