འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་ཀྲེན་གནམ་ཐང་གིས་ལྗང་མདོག་བགྲོད་ལམ་བཏོད་དེ་བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་དུ་
    དངོས་རྫས་དབོར་འདྲེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གེགས་སེལ་དངོས་རྫས་ཁག་དང་པོ་དེ་ཧྲེན་ཀྲེན་གནམ་ཐང་ནས་བོད་དུ་དབོར་ནས་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་བོད་ཀྱི་ས་ཡོམ་གེགས་ཁུལ་གྱི་གྲོང་མིར་རོགས་སྐྱོབ་བྱ་རྒྱུར་སྤྱོད་པ་དང་། གནམ་ཐང་ཕྱོགས་ཀྱིས་དུས་ཐོག་ཏུ་ལྗང་མདོག་བགྲོད་ལམ་བཏོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྐྱེལ་འདྲེན་བྱས་པའི་གེགས་སེལ་དངོས་རྫས་གཙོ་བོ་སྒྲ་བསྡུ་འཕྲུལ་འཁོར་ཡིན་པ་དང་ཁྱོན་སྒམ་88ཡོད་ཅིང་། ལྗིད་ཚད་སྟོང་ཁེ་1096ཟིན་པ་དེ་དག་ནེ་པ་ལའི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་བོད་ལྗོངས་གཞིས་རྩེ་དང་སྐྱིད་གྲོང་རྫོང་སོགས་སུ་དབོར་ནས་ས་ཆ་དེ་གའི་མང་ཚོགས་ཀྱིས་གེགས་སེལ་གནས་ཚུལ་གསར་ཤོས་ཤེས་རྟོགས་ཐུབ་པ་དང་། སྔ་དྲོའི་ཆུ་ཚོད་9དང་སྐར་མ་45ཡི་ཐོག་སྒྲ་བསྡུ་འཕྲུལ་འཁོར་དེ་དག་ཧྲེན་ཀྲེན་གནམ་ཐང་དུ་འབྱོར་པ་དང་གེགས་སེལ་དངོས་རྫས་གང་མགྱོགས་བོད་དུ་དབོར་རྒྱུ་འགན་ལེན་བྱ་ཆེད། ཧྲེན་ཀྲེན་གནམ་ཐང་གིས་ས་གནས་ས་ཐོག་གི་ལས་དོན་བྲེལ་འཚུབ་ཆེ་བ་དང་མི་སྣ་དཀོན་པའི་དངོས་ཡོད་དཀའ་ངལ་ཁྱད་དུ་བསད་དེ། ཡོམ་འགོག་གེགས་སེལ་དངོས་རྫས་ཀྱི་ཆེད་སྤྱོད་ལྗང་མདོག་བགྲོད་ལམ་ཞིག་ཆེད་མངགས་བཏོད་པ་རེད། ཆུ་ཚོད་ཕྱེད་ཀ་ཙམ་ནང་ས་གནས་ས་ཐོག་ཏུ་མི་སྣ་བཀོད་སྒྲིག་དང་། གཟིགས་སྐྱོང་བགྲོད་ལམ་བཀོད་སྒྲིག དུས་གཏན་གནམ་གྲུ་གྲ་སྒྲིག་སོགས་ཀྱི་གྲ་སྒྲིག་ལས་དོན་རབ་དང་རིམ་པ་ལེགས་གྲུབ་ཟིན་པ་དང་འབྲེལ་ལས་སྒོའི་རྐང་འཛིན་པ་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་ལྗང་མདོག་བགྲོད་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་ཐུབ་པའི་འགན་ལེན་བྱས་ཐོག་གེགས་སེལ་དངོས་རྫས་བདེ་འཇགས་དང་མགྱོགས་མྱུར་ངང་དབོར་ཐུབ་པའི་འགན་ལེན་བྱས་ནས་གེགས་ཁུལ་མི་དམངས་ལ་ཕན་པ་འདོགས་གང་ཐུབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།