འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བྱམས་པ་ཕུན་ཚོགས་ཀྱིས་ནེ་པ་ལའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྲུང་གོར་བཅའ་སྡོད་བྱེད་པའི་ནེ་པ་ལའི་གཞུང་ཚབ་ཁང་དུ“4.25”ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་བར་ཕེབས་ཏེ་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ནེ་པ་ལའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་སེམས་གསོའི་འཚམས་འདྲི་གནང་བ་དང་། ས་ཡོམ་རྐྱེན་ལམ་དུ་ཤོར་བ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་རེད། ནེ་པ་ལའི་ཀྲུང་གོར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེ་མོ་མཱ་སི་ཅི་ཡིས་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་གནང་སྟེ་མྱ་ངན་སེམས་གསོ་གནང་བར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ས་ཡོམ་བྱུང་རྗེས་ནེ་པ་ལར་སྟོབས་ཤུགས་ཡོད་དགུས་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་བསྐྱར་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།