འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོའི་ཡོམ་འགོག་གེགས་ཁུལ་དུ་གསོ་རླུང་དཀོན་ཡང་གཅེས་སེམས་མི་ཉམས། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དེ་གར་ས་བབ་མཐོ་ལ་གསོ་རླུང་དཀོན་ཞིང་། གུར་གྱི་ཁྲོད་དུ་འགན་ལེན་ཡན་ལག་རུ་ཁག་དང་རོགས་སྐྱོབ་དཔོན་དམག་ཚོ་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། 
         ས་ཡོམ་བརྒྱབ་རྗེས་བོད་ཀྱི་གེགས་ཁུལ་དུ་གསོ་རླུང་དཀོན་ཡང་གཅེས་སེམས་མི་ཉམས་པར་གནས།  
                                                                                            (གཅིག)
         “དངངས་སྐྲག་ངང་ཆུ་ཚོད་10ལྷག་ཙམ་འགྲུལ་བཞུད་བྱས་པའི་དབང་གིས་བདེ་སྐྱིད་ཀྱི་ཕྲུ་གུ་པད་མ་རིག་འཛིན་ལྟོ་མི་ཟ་ལ་ཆུ་ཡང་མི་འཐུང་བའི་ཁར་ད་དུང་ཚ་བ་བརྒྱབ་པས་ཚ་བ་བལྟ་སྐབས་ངུ་གི་འདུག”ཅེས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་མཆིན་མཁྲིས་ཚན་ཁག་གི་སྨན་པ་ཀྲུའུ་པེ་པེ་ཡིས་པད་མ་རིག་འཛིན་ལ་ཚ་བ་བལྟ་བཞིན་དུ་གསར་འགོད་པར་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས་པའི་མང་ཚོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། 
         ཀྲུའུ་པེ་པེ་ཡིས“ངས་དེ་ལྟ་བུའི་ལྔ་གཅིག་དུས་ཆེན་གཏོང་ཐེངས་དང་པོ་ཡིན། ངལ་དུབ་ཆེ་ཡང་གེགས་ཁུལ་མང་ཚོགས་ལ་བྱ་བ་བསྒྲུབས་ཐུབ་པ་བྱུང་བས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
         “བཅིངས་འགྲོལ་དམག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་པ་དེ་གསར་འགོད་པས་གེགས་ཁུལ་ནས་ཐོས་མང་ཤོས་ཀྱི་སྐད་ཆ་ཡིན། མང་ཚོགས་ལ་ལས“ས་ཡོམ་བརྒྱབ་མ་ཐག་བཅིངས་འགྲོལ་དམག་སླེབས་ཏེ་ང་ཚོར་གྱོན་གོས་དང་འབྲུ་རིགས་སྤྲད་བྱུང་བས་སེམས་ནང་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་བྱུང”ཞེས་བཤད། 
         ང་ཚོའི་ཕྲུ་གུ་དང་ལོ་གཅིག་པ་ཡིན་པའི་ཁོང་ཚོ་ནི་ལོ་བཅུ་བདུན་བཅོ་བརྒྱད་ལ་སླེབས་པའི་ཕྲུ་གུ་ཤ་སྟག་ཡིན། ལ་ལར་རྨས་སྐྱོན་ཕོག་ཀྱང་ད་དུང་རོགས་སྐྱོབ་བྱེད་པའི་ནང་ཞུགས་པ་མ་ཟད། ཡོམ་འཕྲོ་རྒྱག་སྐབས་ང་ཚོའི་མདུན་དུ་ཤོར་གྱི་འདུག”ཅེས་བོད་རིགས་ཨ་ཁུ་བསོད་ནམས་ཀྱིས་བཤད།
         མི་སེམས་འགུལ་བའི་རྣམ་པ་དེ་རོགས་སྐྱོབ་བྱ་ཡུལ་དང་སྨན་བཅོས་རོགས་སྐྱོབ་ས་ཚིགས་ནས་མཐོང་རྒྱུ་ཡོད་ལ་གེགས་སྐྱོབ་ཀྱི་ལམ་བུའི་ཐོག་ཏུ་ཡང་མཐོང་རྒྱུ་ཡོད། ཝང་ཧྥང་ནི་བོད་དམག་ཁུལ་ཁང་རླངས་འཁོར་ཐོན་ག་གེ་མོ་ཞིག་གི་ཁ་ལོ་བ་ཡིན་པ་དང་། བཀའ་འབྱོར་རྗེས་ཁོང་དང་འཐབ་གྲོགས་ཚོས་རི་ལམ་ཐོག་རླངས་འཁོར་ཆུ་ཚོད་16བཏང་ནས་མཐར་གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་ངང་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས་ཐུབ་པ་བྱུང་།
         གསར་འགོད་པས་ཝང་ཧྥང་གི་འཐབ་གྲོགས་ས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བྱེད་པའི་ཉིན་དེར་ཝང་ཧྥང་གི་ལོ་ལྔ་ལ་སླེབས་པའི་བུ་ལ་ཚ་བ་ཏུའུ་40ལྷག་ཙམ་བརྒྱབ་ཀྱང་ཁོང་གིས་ལམ་བར་དུ་ངལ་གསོ་རྒྱག་སྐབས་བུའི་པར་ལ་ལྟ་ཙམ་བྱས་ནས་བུ་ན་ཚ་དྲག་རྒྱུའི་སྨོན་ལམ་བརྒྱབ་པ་ལས་མ་འདས། 
                                                                                            (གཉིས)
         ཉིན་དེ་དག་གི་དགོང་མོ་རྒན་མོ་ངག་དབང་གིས་སྔོ་ཚལ་འགྱིག་ཤོག་གང་འཁྱེར་ནས་སྐྱིད་གྲོང་མཐའ་སྲུང་ལེན་དུ་བསྐྱོད་ནས་གེགས་སྐྱོབ་བཀོད་འདོམས་བྱེད་མཁན “སེམས་བཟང་ཅན་གྱི་སི་ལིང”ལ་བལྟ་བར་འགྲོ་གི་ཡོད།
         རྒན་མོ་ངག་དབང་གིས་ཐུག་འཕྲད་བྱེད་རྒྱུའི་མི་དེ་ནི་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཀུའུ་པིན་ཀྲན་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་ཁོང་གིས་བཀའ་ལྟར་རུ་སྣེ་འཁྲིད་དེ་གནོད་འཚེ་ཕོག་ལྕི་བའི་སྐྱིད་གྲོང་ས་ཁུལ་དུ་བསྐྱོད་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བཀོད་འདོམས་བྱས་པ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་ལ་གནས་སྐབས་སྡོད་ས་སྐྲུན་རོགས་བྱས།
         བཅིངས་འགྲོལ་དམག་མིས་རོགས་སྐྱོབ་བྱས་པའི་མི་སྟོང་ཕྲག་ཁྲོད་ཀྱི་རྒན་མོ་ངག་དབང་ནི་ལོ་67ལ་སླེབས་པའི་མི་ཧྲེང་རྒན་རྒོན་ཞིག་ཡིན་ལ་ས་ཡོམ་ནང་སྡོད་ཁང་ལོག་ནས་ལོག་ས་མེད་པར་གྱུར།
         རྒན་མོ་ངག་དབང་ལ་སེམས་སྡུག་ཚད་མེད་བྱུང་བའི་སྐབས་སུ་ཀུའུ་པིན་ཀྲན་གྱིས་གེགས་སྐྱོབ་དཔོན་དམག་གི་སྣེ་འཁྲིད་དེ་ཁོ་མོ་སྒལ་པར་ཁུར་ནས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱལ་བ་མ་ཟད། གཟུགས་པོར་བརྟག་དཔྱད་དང་ཟས་སྡོད་སོགས་བཀོད་སྒྲིག་བྱས། ཀུའུ་པིན་ཀྲན་གྱིས་རྒན་མོ་ངག་དབང་ལ་སྤུན་མཆེད་མེད་པ་དང་སེམས་པ་སྐྱིད་པོ་མེད་པ་མཐོང་སྐབས་དམག་ཁོངས་སྨན་པ་བཀོད་སྒྲིག་བྱས་ནས་ཉིན་མཚན་བསྟུད་མེད་ལྟ་རྟོག་གང་ཡག་ཡག་བྱས་པར་བརྟེན་བགྲེས་སོང་ལ་སེམས་འགུལ་ཚད་མེད་ཐེབས། 
         རྒན་མོ་ངག་དབང་ལ་སེམས་འགུལ་ཐེབས་ཆེ་ཤོས་ནི། ཀུའུ་པིན་ཀྲན་གྱིས་ཉིན་ལྟར་ཁོ་མོར་བལྟ་བར་ཡོང་ནས་ཁོ་མོའི་སེམས་ཀྱི་སྡུག་བསྔལ་རིམ་གྱིས་སེལ་ཏེ་བློ་རྣལ་དུ་ཕབ་ཐུབ་པ་བྱུང་ཞིང་། གྲོང་པ་ཁྱིམ་མཚེས་དང་གླེང་མོལ་བྱེད་སྐབས་གེགས་སེལ་དཔོན་དམག་གིས་ད་དུང་རང་གི་བཟའ་ཤ་དང་སྔོ་ཚལ་གེགས་ཁུལ་མང་ཚོཊ་ལ་སྤྲོད་ཀྱི་ཡོད་པ་ཤེས་རྟོཊ་བྱུང་བ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།