འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་གྱིས་བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་ལ་དངོས་ཟོག་བསྐྱལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཧོ་ནན་གྱིས་བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་ལ་དངོས་ཟོག་བསྐྱལ་བ།
         མི་དམངས་དྲ་བའི་འཕྲིན། ཧོ་ནན་ཞིང་ཆེན་སྲིད་གཞུང་གེགས་སེལ་གཞུང་དོན་ཁང་གིས་དམངས་སྲིད་པུའི་བརྡ་ཐོའི་དགོངས་དོན་གཞིར་བཟུང་། ལྷ་སར་རས་གུར་1000དང་སྲིང་བལ་གོས་15000སོགས་གེགས་སེལ་དངོས་ཟོག་ཛ་དྲག་ངང་བསྐྱལ་ནས་བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་ལ་རོགས་སྐྱོར་བྱས་པ་རེད།
         ཀྲེང་ཀྲོའུ་ལྕགས་ལམ་ཅུས་ཕུའུ་ཐེན་ས་ཚིགས་ཀྱིས་གོང་རིམ་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། གེགས་སེལ་དངོས་ཟོག་སྐྱེལ་འདྲེན་བཀག་མེད་བགྲོད་ལམ་ཤར་གཏོང་བྱས་ནས། ཟླ་5ཚེས་6ཉིན་གྱི་ཆུ་ཚོད་12གཡས་གཡོན་བར་ཁྱོན་དངོས་ཟོག་ཏུན་630མེ་འཁོར་ནང་བླུགས་ནས་ཆུ་ཚོད་13དང་སྐར་མ་25ཐོག་ནས་དངོས་སུ་སྐྱེལ་འདྲེན་བྱས། འདི་ནི་ཟླ་5ཚེས་5ཉིན་ཀྲེང་ཀྲོའུ་ལྕགས་ལམ་ཅུས་ཕུའུ་ཐེན་ས་ཚིགས་ཀྱི་ལས་དོན་མི་སྣས་རླངས་འཁོར་ནས་མེ་འཁོར་ཐོག་གེགས་སེལ་དངོས་ཟོག་དབོར་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།