འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཡོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་བྱེད་བཞིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་དཔྱིད་རྨོད་ཐོན་སྐྱེད་སྤྱིར་ན་བདེ་བླག་ཡིན་པ་དང་། ས་ཁུལ་དང་གྲོང་ཁྱེར་ལྔའི་ཞིང་འབྲོག་སྡེ་ཚན་གྱིས་དཔྱིད་རྨོད་ཐོན་སྐྱེད་དེ་ལས་འགན་གཙོ་བོར་བརྩིས་ནས་ཐོན་སྐྱེད་ཀྱི་ལྷུ་ཚིགས་ཁག་ལ་མཐོང་ཆེན་བྱས་ནས་ཐོན་སྐྱེད་དེ་དུས་ཚོད་དམ་འཛིན་དང་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད། ཟླ་4ཚེས་30ཉིན་བར་བོད་ལྗོངས་ཡོངས་སུ་རྨོད་འདེབས་རྒྱ་ཁྱོན་མུའུ་ཁྲི་124.91ཟིན་པ་དེས་འཆར་གཞིའི་རྒྱ་ཁྱོན་གྱི་39%ཟིན་ཡོད་པ་རེད།
         མིག་སྔར་བོད་ལྗོངས་ཀྱི་ནག་ཆུ་དང་མངའ་རིས་ས་ཁུལ་གཉིས་ཀྱང་སྔ་རྗེས་སུ་དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་སུ་སླེབས་པ་དང་། བོད་ལྗོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་དུས་ཐོག་ཏུ་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་ཕྱོགས་སྡོམ་བྱས་ཏེ་སྙན་སེང་ཞུ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།