འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་སྲིད་པུས་བོད་ལྗོངས་ཀྱི་གེགས་ཁུལ་དུ་ཀྲུང་དབྱང་གི་གེགས་སེལ་གྲབས་གསོག་
    དངོས་ཟོག་འཕར་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དམངས་སྲིད་པུའི་དྲ་ཚིགས་ཐོག་ཆ་འཕྲིན་སྤེལ་བ་གཞིར་བཟུང་། བོད་ལྗོངས་ཀྱི་གེགས་ཁུལ་གྱི་གེགས་སེལ་དགོས་མཁོར་གཞིགས་ཏེ་ཟླ་5ཚེས་5ཉིན་དམངས་སྲིད་པུས་དུས་འགོའི་དངོས་ཟོག་གཏོང་སྤྲོད་ཀྱི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་ལ་སྲིང་བལ་གྱི་གུར་ཁྲི་1དང་། ཕོ་ཁེབས་ཁྲི་1.5 སྲིང་བལ་བར་འཚང་སྟོད་གོས་ཁྲི་1.5ལྟེབས་ཁྲི་ཁྲི་1 གུར་ནང་སྤྱོད་བྱེད་ཀྱི་འཕྲལ་སྡོམ་གློག་བཞུ་ཁྲི་1 ཐང་སྟོང་དུ་སྤྱོད་བྱེད་གློག་སྒྲོན་100 སྟབས་བདེའི་གསང་སྤྱོད་1000སོགས་ཀྲུང་དབྱང་གི་གེགས་སེལ་གྲབས་གསོག་དངོས་ཟོག་ཁ་སྣོན་བརྒྱབ་ཡོད།
         ད་ལྟའི་བར་དམངས་སྲིད་པུས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ལ་གུར་ཁྲི་3དང་། ཕོ་ཁེབས་ཁྲི་6.5 སྲིང་བལ་བར་འཚང་སྟོད་གོས་ཁྲི་6.5ལྟེབས་ཁྲི་ཁྲི་2.5 ཉལ་ཤུབ་ཁྲི་1.5 གུར་ནང་སྤྱོད་བྱེད་ཀྱི་འཕྲལ་སྡོམ་གློག་བཞུ་ཁྲི་1 ཐང་སྟོང་དུ་སྤྱོད་བྱེད་གློག་སྒྲོན་100 སྟབས་བདེའི་གསང་སྤྱོད་1000སོགས་ཀྲུང་དབྱང་གེགས་སེལ་གྲབས་གསོག་དངོས་ཟོག་ཁག་བཞི་སྤྲད་ནས་གེགས་ཁུལ་ལ་རོགས་སྐྱོར་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་སྤེལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།