འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཟི་ལིང་བས“ལྔ་གཅིག”རིང་ལུས་སྦྱོང་བྱས་ནས་དུས་ཆེན་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པ་ཤར་ཚུན་ས་མཐོའི་ཟི་ལིང་དུ་སྤྲིན་པ་ཉུང་དུ་ཕྱིན་ནས་ལྷགས་པ་སིལ་སིལ་ལྡང་ཞིང་།“ལྔ་གཅིག”ངལ་གསོའི་རིང་། དེ་གའི་ཐང་ཆེན་དང་ལུས་རྩལ་ཁང་དུ་ལུས་སྦྱོང་བ་མང་པོས་ལུས་སྦྱོང་བྱེད་བཞིན་པ་མཐོང་རྒྱུ་འདུག
         ཚེས་1ཉིན་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་ཐང་ཆེན་དུ་སྙན་འཇེབས་ལྡན་པའི་བོད་གཞས་ཀྱི་གླུ་སྒྲའི་ཁྲོད་གྲོང་མི་རྣམས་ཀྱིས་སྒོར་གཞས་བརྒྱབ་ཅིང་། སྒོར་གཞས་རུ་ཁག་5ལ་ཁྱོན་མི་གྲངས་200ལྷག་ཙམ་ཟིན་པ་དེ་དག་གིས་ཞབས་བྲོའི་སྤྲོ་སྣང་ཉམས་སུ་མྱོང་བཞིན་འདུག
         ཐང་ཆེན་བྱང་ངོས་སུ་མི་སྐོར་150ལྷག་ཙམ་ཡོད་པ་དེ་དག་གིས་ལུས་པོ་ཡང་ཤ་དོད་པོའི་ངང་ཐའེ་ཅི་དྲག་རྩལ་སྦྱོང་བཞིན་འདུག
         ཐང་ཆེན་གྱི་བསིལ་ཁང་འོག་ཏུ་རྒན་རྒོན་མང་པོ་ཞིག་གིས་ཞབས་བྲོ་སྦྱོང་བཞིན་ཡོད་པ་མ་ཟད། ད་དུང་བྱ་སྒྲོའི་སྤོ་ལོ་རྒྱག་མཁན་དང་། འཁྱག་ཤུར་གློད་མཁན། བྱ་འཕུར་གློད་མཁན་སོགས་ལུས་སྦྱོང་བྱེད་མཁན་གྱིས་ཀྱང་ཐང་ཆེན་ལ་གསོན་ཤུགས་ཤིག་སྦྱིན་བཞིན་མཆིས།
         ཟི་ལིང་མཚོ་མཚེའུ་ཁུལ་གསར་དུ་གནས་པའི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་ཆུ་རྐྱལ་ཁང་ནང་གྲོང་མི་མི་ཉུང་བ་ཞིག་གིས་ངལ་གསོའི་དུས་ཚོད་དང་བསྟུན་ཏེ་ཆུ་རྐྱལ་རྩེ་བར་ཡོང་ཞིང་། ལས་ཀར་འགྲོ་མཁན་ཚའོ་ཅེས་དུས་རྒྱུན་ལས་ཀ་བྲེལ་བ་ཆེ་སྟབས་ཁོམ་པ་གཏན་ནས་མེད། ད་རེས་ངལ་གསོའི་ཉིན་མོའི་སྐབས་དང་བསྟུན་ནས་ཕྲུ་གུ་འཁྲིད་དེ་ངལ་གསོ་བར་ཡོང་བ་ཡིན་ཞེས་གསར་འགོད་པར་བཤད་བྱུང་།
         གཞན་ཡང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་དུས་ཆེན་ཉིན་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་གྲོང་སྡེ་མང་པོས་རྟ་རྒྱུག་པ་དང་མདའ་འཕེན་པ་སོགས་དམངས་ཁྲོད་ཀྱི་ལུས་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་བ་མ་ཟད། མྱུལ་དཔྱད་དང་། རི་འཛེག རྐང་འཁོར་བཞོན་ནས་མཚོ་སྐོར་བ་སོགས་ཀྱི་བྱེད་སྒོས་ཀྱང་དུས་ཆེན་རིང་ས་མཐོའི་ལུས་རྩལ་གྱི་རིག་གནས་ཕུན་སུམ་ཚོགས་པོར་གྱུར་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།