འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ས་ཡོམ་ཆེན་པོའི་ཁྲོད་བོད་ལྗོངས་ཀྱི་ས་ཡོམ་ཤུགས་ཚད་ཁྱབ་ཚུལ་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 08:57】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག་བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱིས“4•25”ནེ་་པ་ལའི་ས་ཡོམ་ཆེན་པོས་རྐྱེན་གྱིས་བོད་ལྗོངས་དུ་བྱུང་བའི་ས་ཡོམ་གྱི་ཤུགས་ཚད་ཁྱབ་ཚུལ་ཡོངས་བསྒྲགས་བྱས་པ་རེད། 
         བོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཀྲི་ཆིའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ས་ཡོམ་གེགས་ཁུལ་གྱི་བོད་ལྗོངས་ཁོངས་གཏོགས་ཀྱི་ས་ཡོམ་ཤུགས་ཚད་མཐོ་ཤོས་ནི་ཏུའུ་Ⅸཡིན་ལ། ཡོམ་མཚུངས་ཐིག་སྐུད་མདའ་རིང་སྤྱིའི་ཆ་ནས་བྱང་ནུབ་ཏུ་ཕྱོགས་ཤིང་། Ⅵཏུའུ་ཁུལ་དང་དེའི་ཡན་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་47100ཟིན་ནས་བོད་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་སོགས་རྫོང་10ལྷག་ཙམ་ལ་གནོད་འཚེ་ཕོག་ཡོད་པ་རེད། 
         ཐེངས་འདིའི་ས་ཡོམ་གྱི་ཤུགས་ཚད་མཐོ་ཤོས་Ⅸཏུའུ་ཁུལ་དེ་གཙོ་བོར་བོད་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དང་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དང་འབྲེལ་ཞིང་། རྒྱ་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ་105ཟིན་པར་གྱོང་གུན་ཅུང་ཚབས་ཆེན་ཕོག་ཡོད་པ་རེད། 
         ཝང་ཀྲི་ཆིའུ་ཡིས་ས་གཤིས་མཁས་ཅན་30ལྷག་ཙམ་ལས་གྲུབ་པའི་ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་ས་གནས་ས་ཐོག་གི་ལས་དོན་རུ་ཁག་གིས་ཚེས་25ཉིན་ས་ཡོམ་བརྒྱབ་པ་ནས་བཟུང་བོད་ལྗོངས་ཀྱི་ཡོམ་ཁུལ་རྫོང་10ལྷག་ཙམ་གྱི་ས་ཚིགས་200ལྷག་ཙམ་ལ་ས་གཤིས་དབྱེ་ཞིབ་བརྟག་ཞིབ་བྱས་ནས་ས་ཡོམ་གྱི་ཤུགས་ཚད་ཁྱབ་ཚུལ་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།