འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཁའ་རླུང་སྦགས་བཙོག་ལ་ཁ་གཏད་ནས་རླངས་འཁོར་བགྲོད་སྐྱོད་ལ་ཚོད་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་25ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཁའ་རླུང་སྦགས་བཙོག་ལ་ཁ་གཏད་ནས་རླངས་འཁོར་བགྲོད་སྐྱོད་ལ་ཚོད་འཛིན་བྱས་པ།
         ཧྥ་རན་སེའི་ཕ་རི་སིའི་ཉེན་རྟོག་ཅུས་ཀྱིས་ཟླ་3ཚེས་23ཉིན་རྒྱལ་ས་ཕ་རི་སི་དང་མཐའ་སྐོར་གྱི་ཞིང་ཆེན་3དུ་རླངས་འཁོར་གནས་སྐབས་རིང་ཡ་གྲངས་ཆ་གྲངས་དབྱེ་བ་འབྱེད་ནས་འགྲོ་སྐྱོད་ཚོད་འཛིན་བྱེད་པ་སོགས་ཀྱི་ཛ་དྲག་བྱ་ཐབས་སྤེལ་ནས་ཚབས་ཆེའི་མཁའ་རླུང་སྦགས་བཙོག་གི་སྣང་ཚུལ་ལ་ཁ་གཏད་བཅག་པ་རེད། གཟའ་འཁོར་གཅིག་རིང་རླུང་དང་ཆར་ཆུ་མེད་པའི་ཤུགས་རྐྱེན་ཐེབས་ཁར། འགྲོ་ལམ་འགྲིམ་འགྲུལ་དང་དཔྱིད་དུས་ཞིང་ནང་སྐྱེ་དངོས་འདེབས་འཛུགས་ལུད་རྒྱག་དང་དེ་བཞིན་བཟོ་ལས་ཐོན་སྐྱེད་སོགས་ཀྱི་མིའི་རིགས་ཀྱི་བྱེད་སྒོ་ལས་རླུང་ཁམས་ཆེ་མོའི་ནང་འབུད་པའི་སྦགས་བཙོག་དངོས་པོ་སྣ་ཚོགས་མེད་པ་བཟོ་མི་ཐུབ་པར་བརྟེན་ཕ་རི་སི་ཁུལ་ཆེན་དང་དེ་བཞིན་ཧྥ་རན་སེའི་བྱང་རྒྱུད་ཀྱི་ས་ཁུལ་མང་པོའི་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ཞན་དུ་ཕྱིན་ཞིང་། འདི་ནི་ཧྥ་རན་སེའི་ཕ་རི་སིའི་རྒྱལ་ཁའི་སྒོ་མོ་སྨུག་རྡུལ་གྱིས་འགྲིབ་པའི་གནས་ཚུལ་ཡིན་པ།
    ༄༅།།མཁའ་རླུང་སྦགས་བཙོག་ལ་ཁ་གཏད་ནས་རླངས་འཁོར་བགྲོད་སྐྱོད་ལ་ཚོད་འཛིན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།