༄༅།།རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དཔྱད་དཔོག་ཨུ་ལྷན་གྱི་ཀྲུའུ་ཞི་རུའུ་ཁོ་ཕུའུ་པེ་ཅིང་དུ་འབྱོར་པ།
གསར་འགྱུར་སྤེལ་དུས། 【2015ལོའི་ཟླ་ 03ཚེས་25ཉིན། 10:00】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་23ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དཔྱད་དཔོག་ཨུ་ལྷན་གྱི་ཀྲུའུ་ཞི་ཡ་ལི་ཧྲན་ཏ•རུའུ་ཁོ་ཕུའུ་གནམ་གྲུར་བསྡད་དེ་པེ་ཅིང་དུ་འབྱོར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དཔྱད་དཔོག་ཨུ་ལྷན་གྱི་ཁོངས་མི་ཚང་མ་པེ་ཅིང་དུ་འཛོམས་པ་རེད། ཚེས་24ཉིན་ནས་བཟུང་ཁོང་ཚོས་པེ་ཅིང་དང་ཀྲང་ཅ་ཁུའོ་ས་ཆ་གཉིས་སུ་དཔྱད་དཔོག་དང་རྟོག་ཞིབ་བྱ་རྒྱུ་ཡིན་ཞིང་། འདི་ནི་ཀྲུང་གོའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ལིའུ་ཕོང(མཇུག་གི་གཡོན་མ)དང་པེ་ཅིང་གྲོང་ཁྱེར་གྱི་ཧྲི་ཀྲང་དང་པེ་ཅིང་དགུན་དུས་ཨོ་ལིམ་ཕིག་འདུན་ཞུ་ཨུ་ལྷན་གྱི་ཀྲུའུ་ཞི་ཝང་ཨན་ཧྲུན(མཇུག་གི་གཡས་པ)གྱི་ཕེབས་རོགས་འོག་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དཔྱད་དཔོག་ཨུ་ལྷན་གྱི་ཀྲུའུ་ཞི་ཡ་ལི་ཧྲན་ཏ•རུའུ་ཁོ་ཕུའུ(མདུན)གནམ་ཐང་ནས་དོན་ཡོང་བའི་གནས་ཚུལ་ཡིན་པ།
【1】
【2】
【3】
【4】