འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ཀོང་ཏུང་གཉིས་དབར་ཐད་གཏོང་མཁའ་ལམ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་ནས་འགྲུལ་པ་121བླུགས་པའི་འགྲུལ་སྐྱེལ་གནམ་གྲུ་A319བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་ཡོད་པའི་ཉིང་ཁྲི་ས་ཁུལ་གྱི་སྨན་གླིང་གནམ་ཐང་དུ་བབས་པ་དེ་ཐོག་ནས་ཀོང་ཏུང་གི་ཀོང་ཀྲོའུ་ནས་བོད་ལྗོངས་ཀྱི་ཉིང་ཁྲི་བར་གྱི་ཐད་གཏོང་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།
         ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སི་ལྷ་ས་གཉེར་སྐྱོང་པུའི་སྤྱི་ཁྱབ་ཅིང་ལི་ཁྲེན་ཤང་ཅང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་གཉེར་སྐྱོང་སྐྱེལ་འདྲེན་བྱེད་པའི་ཀོང་ཀྲོའུ་ནས་ཉིང་ཁྲི་བར་གྱི་ཐད་གཏོང་གནམ་གྲུའི་དུས་ཚོད་ནི་མིག་སྔར་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་དང་། དབྱར་སྟོན་གྱི་དུས་ཚོད་ནི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་ཉི་མ་བཅས་དང་། ཀོང་ཀྲོའུ་ནས་འཕུར་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་06∶15དང་ཉིང་ཁྲིར་འབྱོར་བའི་དུས་ཚོད་ནི་སྔ་དྲོའི་09∶45 ཕྱིར་ལོག་དུས་ཚོད་ནི་སྔ་དྲོའི་10∶25དང་ཀོང་ཀྲོའུ་རུ་འབྱོར་བའི་དུས་ཚོད་ནི་14∶00བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ས་ཁུལ་ནི་ཀྲུང་གོ་ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་བོད་ལྗོངས་སུ་བཏོད་པའི་ཐད་གཏོང་ས་ཚིགས་གཉིས་པ་རེད་ལ་ཀོང་ཀྲོའུ་ནས་བོད་ལྗོངས་སུ་འཕུར་སྐྱོད་བྱེད་པའི་ཐད་གཏོང་མཁའ་ལམ་གཅིག་ཀྱང་དེའང་རེད། ཐད་གཏོང་མཁའ་ལམ་དེ་ལས་ཀོང་ཀྲོའུ་ནས་བོད་ལྗོངས་ཀྱི་ཉིང་ཁྲི་བར་དུ་མ་གཞི་བྱས་ན་ཉིན་གཉིས་དང་མཚན་གཅིག་འགོར་བའི་ལམ་ཚད་དེ་ཆུ་ཚོད་3ནས་5བར་ཉུང་དུ་སོང་ནས་བོད་ལྗོངས་སུ་ཡུལ་སྐོར་སྐྱོད་སྐབས་སྔར་བས་སྟབས་བདེ་རུ་སོང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།