འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དྲ་ཚིགས་བསྡོམས་འབོར་ཁྲི་360ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་24ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་20ཉིན་ཀྲུང་གོ་དྲ་སྦྲེལ་མཐུན་ཚོགས་དང་རྒྱལ་ཁབ་དྲ་སྦྲེལ་འཕྲལ་སྡོམ་ལྟེ་གནས་ཀྱིས་པེ་ཅིང་དུ་<<ཀྲུང་གོའི་དྲ་སྦྲེལ་དྲ་ཚིགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་དེའི་བདེ་འཇགས་ཀྱི་སྙན་སྒྲོན་(2015)>>ཁྱབ་བསྒྲགས་བྱས་པའི་ནང་། 2014ལོའི་ཟླ་12པའི་ཟླ་མཇུག་བར་ཀྲུང་གོའི་དྲ་ཚིགས་བསྡོམས་འབོར་ཁྲི་364.7ལྷག་ཙམ་ཟིན་ནས་དུས་མཚུངས་ཀྱི་ལོ་འཁོར་མོ་ལས་ཁྲི་14.1ཙམ་གཙང་འཕར་བྱུང་ཡོད་པ་འཁོད་ཡོད།
         སྙན་སྒྲོན་གྱི་གྲངས་གཞི་ལས། ད་ཆ་ཀྲུང་གོའི་དྲ་ཚིགས་ཀྱིས་དྲ་སྦྲེལ་ཐོག་སྦྲེལ་མཐུད་ཞབས་ཞུ་བསྒྲུབས་ནས་སྦྲེལ་མཐུད་བྱེད་མཁན་ཚོང་པ་1068ཟིན་པ་དེ་དུས་མཚུངས་ཀྱི་ལོ་འཁོར་མོ་ལས་86གཙང་འཕར་བྱུང་བ་དང་། དྲ་ཚིགས་གཉེར་མཁན་ཁྲི་285ལ་ཉེ་བ་ཟིན་པའི་ཁྲོད་ལས་ཁུངས་དང་ཁེ་ལས་ཀྱི་དྲ་ཚིགས་ཁྲི་211.9ཙམ་དང་མི་སྒེར་གྱི་དྲ་ཚིགས་ཁྲི་73.1ལྷག་ཙམ་ཟིན་པ་དང་། ཀྲུང་གོའི་དྲ་ཚིགས་ཁང་གིས་ཁེར་རྐྱང་ཁོངས་མིའི་མིང་སྤྱོད་འབོར་ཁྲི་481.2ལྷག་ཙམ་ཟིན་པ་དང་། དྲ་ཚིགས་གཉེར་མཁན་རེས་ཆ་སྙོམས་དྲ་ཚིགས་1.3གཉེར་བ། ཀྲུང་གོའི་དྲ་ཚིགས་རེས་སྤྱོད་པའི་རང་ཚུགས་དྲ་མིང་ཆ་སྙོམས་སྤྱོད་ཚད་1.3ཟིན་ལ། སྨན་བཅོས་བདེ་སྲུང་། སྨན་དང་སྨན་བཅོས་སྒྲིག་ཆས། གསར་འགྱུར་སོགས་ཆེད་ལས་ཀྱི་དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དྲ་ཚིགས་ཁྲི་2.1ཙམ་ཟིན་པ་བཅས་མངོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།