འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧན་ཕྱོགས་གཉིས་པོས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་
    གཤེགས་དཔའ་བོའི་སྐུ་རུས་སླར་ཡང་རྩིས་སྤྲོད་རྩིས་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་23ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀྲུང་ཧན་ཕྱོགས་གཉིས་པོས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་
གཤེགས་དཔའ་བོའི་སྐུ་རུས་སླར་ཡང་རྩིས་སྤྲོད་རྩིས་ལེན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཀྲུང་ཧན་ཕྱོགས་གཉིས་དབར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཧན་གོ་ནས་རྙེད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་ནི་ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་གོང་རྩིས་སྤྲོད་རྩིས་ལེན་བྱ་རྒྱུར་གྲོས་མོལ་བྱ་རྒྱུ་ཡིན་པ་རེད། 2014ལོའི་ཟླ་3ཚེས་28ཉིན་ཀྲུང་ཧན་ཕྱོགས་གཉིས་པོས་ཧན་གོར་ཡོད་པའི་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཐོག་མ་སྤེལ་བ་རེད། ཚེས་20ཉིན་ཕྱོགས་གཉིས་པོས་ཧན་གོའི་རེན་ཁྲོན་གནམ་ཐང་དུ་2014ལོར་རྙེད་པ་དང་གཏན་འཁེལ་བྱུང་བའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་སླར་ཡང་རྩིས་སྤྲོད་རྩིས་ལེན་བྱས་པ་རེད།
         ཧན་གོར་ཡོད་པའི་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་སྐུ་རུས་རྩིས་སྤྲོད་རྩིས་ལེན་ལས་དོན་དེར་ཀྲུང་ཧན་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་ཅིང་། ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱིས་མི་ཆོས་རིང་ལུགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་དངོས་དོན་མཛའ་གྲོགས་ཀྱི་གྲོས་མོལ་མཉམ་ལས་བྱས་པ་བརྒྱུད་སྔོན་གཤེགས་དཔའ་བོའི་སྐུ་རུས་པུར་སྒམ་དུ་འཇུག་པ་སོགས་ཀྱི་བྱེད་སྒོ་ཐུན་མོང་ཐོག་སྤེལ་བ་དང་ཚེས་20ཉིན་དངོས་སུ་རྩིས་སྤྲོད་རྩིས་ལེན་བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་སྔར་བས་འཐུས་ཚང་དུ་གྱུར་བ་མཚོན་པ་རེད།
         ཀྲུང་ཧན་ཕྱོགས་གཉིས་པོའི་འཐུས་མིས་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྤེལ་ཡུལ་དུ་རྩིས་སྤྲོད་རྩིས་ལེན་གྱི་ཡི་གེར་མིང་རྟགས་བཀོད་ནས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་68ཀྱི་སྐུ་རུས་དང་དེ་བཞིན་འབྲེལ་ཡོད་ཀྱི་ཤུལ་བཞག་དངོས་རྫས་རྩིས་སྤྲོད་རྩིས་ལེན་བྱས་པ་ཁས་ལེན་བྱས་པ་རེད། དེ་རྗེས་ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བས་སྔོན་གཤེགས་དཔའ་བོའི་སྐུ་རུས་ལ་རྒྱལ་དར་གཡོག་པ་དང་ཀྲུང་གོ་ཕྱོགས་ཀྱི་མི་སྣ་ཚང་མས་མྱ་ངན་གྱི་མཛད་སྒོ་སྟབས་བདེ་ཞིག་སྤེལ་བ་དང་ཀྲུང་གོ་ཕྱོགས་ཀྱི་གུས་དམག་གིས་སྔོན་གཤེགས་དཔའ་བོའི་སྐུ་རུས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གིས་རྩིས་ལེན་སྐྱེལ་འདྲེན་གྱི་ཆེད་སྤྱོད་གནམ་གྲུའི་ཐོག་སྲུང་སྐྱེལ་ཞུས་པ་རེད། སྔོན་གཤེགས་དཔའ་བོའི་ཞུམ་མེད་ཀྱི་རྣམ་ཤེས་དེ་མེས་རྒྱལ་དང་མི་དམངས་ཀྱི་པང་དུ་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།