འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།>>རིག་གནས།

    ༄༅།།དགེ་འདུན་ཆོས་འཕེལ་གྱི་ངོ་སྤྲོད་མདོར་བསྡུས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་19ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ལ་གནས་པ་འདིས། ། རང་གི་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ”ཅེས་པ་ནི་དགེ་འདུན་ཆོས་འཕེལ་སྐུ་ཉིད་ཀྱི་ལྗགས་རྩོམ་རྩོམ་འཕྲོ་<<དེབ་ཐེར་དཀར་པོའི་>>ནང་འཁོད་པའི་སྙན་ཚིག་ཅིག་ཡིན་པ་དེས་སྐུ་ཉིད་ཀྱིས་ཕ་ཡུལ་དང་སྤུན་ཟླར་བཅངས་པའི་བརྩེ་བ་ལྷད་མེད་ངང་གིས་མཚོན་ཡོད།
         དགེ་འདུན་ཆོས་འཕེལ་ནི་1903ལོར་ད་ལྟའི་མཚོ་སྔོན་གྱི་རེབ་གོང་རྫོང་ལ་འཁྲུངས་པ་དང་1951ལོར་ལྷ་སར་སྐུ་གཤེགས་ཤིང་། ཁོང་འཚོ་བཞུགས་ཀྱི་དུས་ཐུང་ནང་ཐུགས་གཤིས་གཞན་དང་མི་འདྲ་བ་ཞིག་ཡོད།
         ཁོང་ནི་དེང་རབས་བོད་ཀྱི་ལོ་རྒྱུས་ཐོག་ནང་ཆོས་ལ་མཁས་པའི་དགེ་འདུན་པ་ངོ་མཚར་ཅན་ཞིག་དང་། རིག་གཞུང་མཁས་དབང་། རྟོགས་སད་མཁན་པོ་བཅས་ཡིན་ལ། བོད་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་རིང་ལུགས་ཀྱི་གདོང་སྐྱོད་པ་དང་བོད་བརྒྱུད་ནང་བསྟན་གྱི་དགོངས་པ་འཇིག་རྟེན་པར་གོ་བདེའི་ལམ་ནས་འགྲེལ་མཁན་ཞིག་ཡིན་པ་མ་ཟད། བབ་ཆགས་ཀྱི་དངོས་གཙོ་རིང་ལུགས་པའང་ཡིན། དཀའ་ངལ་སྣ་ཚོགས་འཕྲད་པའི་ཁོང་གི་མི་ཚེའི་ཡུན་ཐུང་ནང་ངོ་མཚར་ཇི་སྙེད་བྱུང་བ་དང་ཐུགས་གཤིས་ཀྱང་ཐུན་མོང་མ་ཡིན་པ་ཞིག་མངའ་བས་ཡང་དག་པའི་རྣམ་དཔྱོད་ལས་འཁྲུངས་པའི་དགོངས་པ་བཞེས་ཚུལ་གྱིས་ད་ལྟའང་སྐྱེ་བོ་མང་པོས་ཁོང་གི་གསུང་དྲངས་དང་འདྲོང་བཞིན་ཡོད་ལ་ཁོང་གི་རིག་གཞུང་ཞིབ་འཇུག་བྱས་འབྲས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་རྗེས་རབས་པར་བློ་སྐྱེད་མང་པོ་སྦྱིན།
         ཁོང་གིས་རིག་གཞུང་ཞིབ་འཇུག་གི་བསམ་བློ་དང་བརྟག་ཐབས་ཐད་སྲོལ་རྒྱུན་གྱི་བོད་རིག་པ་རྒྱུན་བསྐྱངས་པའི་ཐོག་དེང་རབས་ཀྱི་བོད་རིག་པའི་ཞིབ་འཇུག་བྱེད་སྟངས་འདུས་པས་བོད་ཀྱི་རིག་གཞུང་ལོ་རྒྱུས་ཐོག་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན་ཞིང་བོད་ཀྱི་དེང་རབས་བོད་རིག་པའི་ངེས་པ་དོན་གྱི་མཁས་པ་ཆེན་པོར་གྱུར། ལྷག་པར་དུ་ཁོང་ནི“བཅོས་སྒྱུར་འདུན་པ་ལྷག་པར་བཅངས། ཕ་ས་སྲུང་བའི་བརྩེ་བ་ཟབ”པའི་རྒྱལ་གཅེས་རིང་ལུགས་པ་མཐར་ཕྱིན་པ་ཞིག་ཡིན་པར་བརྟེན་སྐྱེ་བོ་ཀུན་གྱིས་གུས་བཀུར་ཞུ་བཞིན་ཡོད།
         དགེ་འདུན་ཆོས་འཕེལ་གྱི་སྐུ་ཚེ་ཧྲིལ་པོར་ཕྱིར་མིག་ལྟ་སྐབས། ཁོང་ནི་རང་གི་མི་རིགས་ལ་ལྷག་པར་དགའ་ཞེན་ཆེ་ལ་མེས་རྒྱས་ལ་དེ་བས་དགའ་ཞེན་ཡོད་པ་ཞིག་སྟེ། 1983ལོར་བོད་རིག་པའི་མཁས་པ་ལི་ཡེའུ་དབྱིས“དགེ་འདུན་ཆོས་འཕེལ་ནི་ཕུལ་དུ་བྱུང་བའི་རྒྱལ་གཅེས་རིང་ལུགས་པ་དང་། མི་རིགས་རིང་ལུགས་པ། བབ་ཆགས་ཀྱི་དངོས་གཙོ་སྨྲ་བ་ཞིག་ཡིན། སྐབས་དེ་དུས་བཙན་རྒྱལ་རིང་ལུགས་ཀྱི་ཁ་ཕྲལ་པས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ངན་སེམས་བྱེད་སྤྱོད་སྤེལ་བ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོས་གདུག་རྩུབ་དབང་སྒྱུར་བྱེད་པ་དང་སྲོལ་ངན་གྱི་བག་ཆགས་སྟུག་པའི་ཁོར་ཡུག་ཁྲོད་ཁོང་གིས་ངན་པ་ཁྱུ་འདྲེས་མེད་པར་རང་གི་ལྟ་བ་རྒྱུན་འཁྱོངས་ཀྱིས་གྲོགས་མེད་ཁེར་རྐྱང་ངང་བཞུགས་ཐུབ་པ་ཤིན་ཏུ་དཀའ་བ་ཞིག་ཡིན”ཞེས་བཤད།
         1937ལོར་རི་པིན་གྱིས་ཀྲུང་གོར་ཕྱོགས་ཡོངས་ནས་བཙན་འཛུལ་བྱས་པ་དང་། 1939ལོར་འཛམ་གླིང་དམག་ཆེན་གཉིས་པ་ལངས་སྐབས། བོད་ཀྱི་དབང་སྒྱུར་ཚོགས་པས་ཕྱིར་འབུད་བྱས་ནས་རྒྱ་གར་ལ་འཚོ་བ་སྐྱེལ་བའི་སྤོམ་མདའ་རབ་དགའ་དང་ཐུབ་བསྟན་ཀུན་འཕེལ་སོགས་ཀྱིས་ཀ་ལུན་པུར“བོད་ཀྱི་གསར་བརྗེའི་ཏང”བཙུགས་པ་དང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ནས་བཅོས་སྒྱུར་བྱ་རྒྱུ་དེ་ཡིན་པ་རེད། ཨེ་ཤེ་ཡ་ལྷོ་མར་ལོ་12འཚོ་བཞུགས་གནང་བའི་དགེ་འདུན་ཆོས་འཕེལ་ལ་རྒྱ་གར་གྱི་མི་རིགས་དམངས་གཙོའི་སྒྱུར་བཅོས་ཀྱི་ཤན་ཞུགས་ནས“བོད་ཀྱི་གསར་བརྗེའི་ཏང”གི་སྐྱིད་སྡུག་དང་འབྲེལ་བ་དམ་ཟབ་བྱས་པ་མ་ཟད། ཏང་ཤོག་དེའི་རྟགས་མའི་རི་མོའང་ཇུས་འགོད་བྱས་ཤིང་། ཁོང་གིས་རི་མོ་ཤེས་པར་བརྟེན་རྟགས་མ་འབྲི་བའི་སྐབས་མཚོན་དོན་མང་པོ་བཅུག་ནས་བོད་ཀྱི་འབྱུང་འགྱུར་ལ་བཅངས་པའི་འདུན་པ་མཚོན་པར་བྱས།
         མི་སེར་རྒྱལ་ཁབ་བཙུགས་པའི་ཐོག་མར་དུས་བབ་ཡག་པོ་མེད་པའི་ཁར་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཀྱིས་སྐབས་དང་བསྟུན་ཏེ་ཀྲུང་གོར་སྟོབས་ཤུགས་རྒྱ་བསྐྱེད་པའི་སྐབས། དབྱིན་ཇི་སྲིད་གཞུང་གིས་བོད་བཟུང་རྒྱུའི་ཧམ་སེམས་བཅངས་ཏེ་1913ལོའི་ཟླ་10ཚེས་13ནས་1914ལོའི་ཟླ་7བར་རྒྱ་གར་གྱི་རྡི་ལི་གསར་པ་དང་ཤིས་མུའུ་ལར་གྲོས་མོལ་བྱས། གྲོས་མོལ་ལ་གཞོགས་འདེགས་བྱ་ཆེད་དབྱིན་ཇི་སྲིད་གཞུང་གིས་མ་ཁེ་མ་ཧུང་འཐུས་མིར་བཏང་སྟེ་གསང་གྲོས་ལམ་ནས་ཡིག་ཆ་བརྗེ་རེས་ཀྱིས་དབྱིན་ཇིའི་ཕྱོགས་གཏོགས་པས་ས་མཚམས་འབྱེད་པའི“མ་ཁེ་མ་ཧུང་ས་ཐིག”བཀོད་པ་མ་ཟད། ཀྲུང་གོའི་སྐུ་ཚབ་ཁྲེང་དབྱི་ཧྥན་ལ་<<མ་ཁེ་མ་ཧུང་ཆིངས་ཡིག་>>བཙན་གིས་འཇོག་ཏུ་བཅུག་ཡོད་མོད། འོན་ཀྱང“མ་ཁེ་མ་ཧུང་ས་ཐིག”ཅེས་པ་ནི་ཀྲུང་གོའི་ལྐོག་ལ་དབྱིན་ཇི་བས་བཟོས་པ་ཞིག་ཡིན་པས་སྔར་ནས་ད་བར་ཀྲུང་གོས་ཁས་ལེན་གཏན་ནས་བྱས་མེད་སྟབས་ཁྲིམས་ལས་འགལ་བ་དང་གོ་མི་འཕེར་བ་ཞིག་ཡིན། དབྱིན་ཇིས་བཟོས་པའི“མ་ཁེ་མ་ཧུང་ས་ཐིག”ཅེས་པའི་ས་མཚམས་གནད་དོན་གྱི་མཐིལ་བརྟོལ་ཆེད་དགེ་འདུན་ཆོས་འཕེལ་གྱིས་གནས་མཇལ་བར་བརྫུས་ནས་སྐུ་རྐྱང་ངང་བོད་ཀྱི་མོན་རྟ་དབང་རྒྱུད་ལ་ཕེབས། དེར་ཟླ་གཅིག་བཞུགས་རིང་ཁོང་གིས་དེ་གའི་གནས་ཚུལ་བརྟག་དཔྱད་ཞིབ་ཕྲ་མཛད་པ་དང་ཆབས་ཅིག་ས་བཀྲ་ཡང་བཀོད་པ་དེ་ཕྱིས་སུ་བོད་ཀྱི་ཡར་ཐོན་མི་སྣས་འབྲེལ་ཡོད་དཔྱད་གཞི་མེས་རྒྱལ་ལ་བསྐྱལ་བ་རེད།
         ཡིད་སྐྱོ་དགོས་པ་ཞིག་ལ་འཚོ་བཞུགས་སྐབས། མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་སྤྱི་ཚོགས་ཁྲོད་བློ་ཁོག་ཆེན་པོས་འཐབ་རྩོད་བྱེད་ཕོད་པའི་དགེ་འདུན་ཆོས་འཕེལ་གྱིས“ཐ་ཤལ་བར་ཁ་གཏད་གཅོག”རིང་སྐུ་ཉིད་ཐ་ཤལ་བས་ཕམ་པར་བྱས། ཁོང་གི་རྒྱལ་གཅེས་མཛད་ཕྱོགས་ལ་དབྱིན་ཇི་དང་རྒྱ་གར་སྲིད་གཞུང་ཁོང་ཁྲོ་ལངས་ནས་ལྷ་སའི་དབྱིན་ཇིའི་ཕྱོགས་གཏོགས་པ་དང་ངན་འབྲེལ་གྱིས་མི་བདེན་རྫུན་སྒྲིག་གིས་བསྙོན་བཏགས་ཤིང་། ཁོང་བཙོན་ལ་བཅུག་ནས་མཐར་1950ལོའི་ཟླ་11པར་གློད་བཀྲོལ་བཏང་ཡང་། བཙོན་ཁང་ལ་ལོ་4བཞུགས་རིང་ཁོང་གི་ལུས་སེམས་གཉིས་ཀར་ཕོག་ཐུག་ཆེན་པོ་བྱུང་ནས་གྲོངས་པ་དང་གྲོངས་དུས་དགུང་གྲངས་48ལ་མ་གཏོགས་ཕེབས་ཀྱི་མེད།
      

    ཕྱོགས་བསྡུས་གསར་འགྱུར།