འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་གྱིས་དཀའ་ངལ་ཆེ་བའི་ཐག་རིང་ལུང་ཁུག་ལ་གཞུང་ལས་པ་བསྡུ་
    བའི་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་18ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱིས་སྲིད་ཇུས་བཏོན་ནས་དཀའ་ངལ་ཆེ་བའི་ཐག་རིང་ལུང་ཁུག་ལ་གཞུང་ལས་པ་བསྡུ་བའི་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་བཏང་ནས་ས་བབ་སྨི་3000ཡན་ལ་ཡོད་པའི་གཞི་རིམ་ཚན་པའི་ལས་གནས་ཁག་གཅིག་གི་སློབ་རྒྱུས་ཆ་རྐྱེན་འོས་འཚམ་གྱིས་འབྲིང་རིམ་ཆེད་ལས་དང་མཐོ་རིམ་སློབ་འབྲིང་བར་ཡངས་སུ་བཏང་ཡོད།
         ཉེ་ཆར་བཏོན་པའི་<<ཀན་སུའུ་ཞིང་ཆེན་གྱིས་དཀའ་ངལ་ཆེ་བའི་ཐག་རིང་ལུང་ཁུག་གི་གཞི་རིམ་ཚན་པར་གཞུང་ལས་པ་བསྡུ་བའི་ཆ་རྐྱེན་འོས་འཚམ་གྱིས་ལྷུག་ཏུ་གཏོང་རྒྱུའི་བྱ་ཐབས་>>ནང་། ཐག་རིང་ལུང་ཁུག་གི་གཞི་རིམ་ཚན་པར་གཞུང་ལས་པ་བསྡུ་བར་ལས་ལོ་དང་ལས་ཀ་བྱེད་མྱོང་མིན་ལ་མི་ལྟ་བ་དང་། ཆེད་ལས་ཀྱི་ཚོད་འཛིན་ཡངས་སུ་གཏོང་རྒྱུ། ཤང་དང་གྲོང་རྡལ་ལས་ཁུངས་ལ་ཆེད་ལས་ཀྱི་ཚད་བཀག་མེད་པ། ལས་གནས་ཀྱི་གནས་ཚུལ་ཞིབ་ཕྲར་གཞིགས་ནས་ཐོ་འགོད་ཡུལ་ལས་གནས་ལ་དགོས་པའི་ལས་ལོ་འོས་འཚམ་གྱིས་ལེགས་སྒྲིག་བྱ་རྒྱུ། ཐོ་འགོད་མཁན་ཉུང་རིགས་ལ་རྒྱུགས་ལེན་གྱི་བསྡུར་ཚད་དམའ་རུ་གཏོང་རྒྱུ། བསྡུ་བའི་འཆར་གཞི་དང་མི་བབ་སྤྱན་ཞུའི་མི་གྲངས་ཀྱི་བསྡུར་ཚད་1:2ཐོག་ནས་མི་བབ་སྤྱན་ཞུ་བྱ་རྒྱུ་བཅས་འཁོད་ཡོད།
         ད་དུང་བྱ་ཐབས་ནང་ས་བབ་སྨི་3000ཡན་ལ་ཡོད་པའི་གཞི་རིམ་གྱི་བསྡུ་སྤྱོད་ཚན་པའི་ལས་གནས་འགའི་སློབ་རྒྱུས་འབྲིང་རིམ་ཆེད་ལས་དང་མཐོ་རིམ་སློབ་འབྲིང་བར་ལྷུག་ཏུ་གཏོང་རྒྱུ་དང་། འཆར་གཞིའི་མི་གྲངས་ཏག་ཏག་བསྡུ་ཆེད། ཀན་ལྷོ་དང་དཔའ་རིས་སོགས་བོད་རིགས་ས་ཁུལ་ལ་དགོས་པ་ཡོད་ཚེ་དོན་དངོས་ཀྱི་དགོས་མཁོར་གཞིགས་ཏེ་རྒྱུགས་ལེན་གྱི་བསྡུར་ཚད་མི་བཟོ་བར་ཡིག་རྒྱུགས་ནང་ཞུགས་མཁན་རྣམས་ལས་གནས་ཟླ་སྒྲིལ་བ་སོགས་བརྒྱུད་མི་བབ་སྤྱན་ཞུ་བྱ་རྒྱུ་དང་། ཀན་ལྷོ་ཀྲོའུ་ཡི་ཤང་དང་གྲོང་རྡལ་གྱི་རིམ་པ་དང་པོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་གཞུང་ལས་པ་བསྡུ་བའི་སྐབས་ལས་གནས་ཁ་གྲངས་ངེས་ཅན་བཟོས་ཏེ་ཀྲོའུ་དེ་ག་ནས་ཡིན་པའི་འབྲིང་རིམ་ཆེད་ལས་སམ་མཐོ་རིམ་སློབ་འབྲིང་ཡན་གྱི་བོད་རིགས་དམག་ལོག་བསྡུ་རྒྱུར་ཕྱོགས་རྒྱུ་ཡིན་པ་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།