འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
    བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
         ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་སན་ཡུན་གྱིས་གསུང་བཤད་གནང་སྐབས་ཟབ་སྦྱོང་བསླབ་དེབ་ཆ་ཚང་བ་འདིས་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། དུས་བདེའི་ཀན་སུའུ་དང་ཁྲིམས་སྐྱོང་ཀན་སུའུ་འཛུགས་སྐྱོང་ལ་སྐུལ་སྤེལ་གཏིང་ཟབ་པོ་གཏོང་བར་དོན་སྙིང་གལ་ལྡན་པས། མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་སྐད་ཡིག་གཉིས་ཀའི་ཐོག་ནས་གསོ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ངེས་རེད་ཅེས་བསྟན་པ་རེད། 
         བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་འདུར་ཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཁང་གི་འཐུས་ཚབ་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་འཐུས་ཚབ་ལ་བསླབ་བདེ་གནང་བ་རེད། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀན་སུའུ་ཞིང་ཆེན་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་པ་རེད། རྒྱལ་ཡོངས་ཀྱི་ཆེས་བཟང་གཞི་རིམ་ཁྲིམས་དཔོན་དང་2014ལོའི་ཀན་སུའུ་ཡི་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་པའི་ཀན་སུའུ་པ་ཕུལ་བྱུང་ཅན་བཅུའི་མཚན་སྙན་ཐོབ་མཁན་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཚེ་རིང་དབང་རྒྱལ། བོད་རིག་པ་ཞིབ་འཇུག་མཁས་པ་དང་རིག་པ་བ། ཁྲིམས་རིག་མཁས་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ། ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་འགན་ཁུར་པ་བཅས་དང་དེ་བཞིན་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
    【1】  【2】  【3】
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།