འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
    བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
    པེ་ཅིང་དུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 08:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
         ཀྲོའུ་ཆང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཚབ་ཞུས་ནས་ཟབ་སྦྱོང་བསླབ་དེབ་འདི་དཔར་དུ་བསྐྲུན་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ནས་བསླབ་དེབ་ཆ་ཚང་བ་འདིས་དེང་དུས་བོད་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པར་མེད་པའི་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་ཟབ་སྦྱོང་བསླབ་དེབ་མེད་པའི་སྟོང་ཆ་ཁ་སྐོང་བྱས་པས། མི་རིགས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ཁུལ་ཁྲིམས་ཁང་གི་ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་བ། བོད་ཁུལ་མང་ཚོགས་ཀྱིས་མི་རིགས་རང་གི་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་དབང་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ངེས་རེད། ལས་དོན་འདི་སྤེལ་བ་ལས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་མ་ཟད་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་ཤེས་ལྡན་མི་སྣ་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཉམས་མྱོང་གསར་པ་གསར་སྐྲུན་བྱས་པ་རེད་ཅེས་བསྟན་པ་རེད།
          ཝང་ཀྲེང་ཝེ་ཡིས་སྐད་ཡིག་གཉིས་ཀའི་ཐོག་ནས་བཅའ་ཁྲིམས་ཟབ་སྦྱོང་དང་། སྐད་ཡིག་གཉིས་ཀའི་ཐོག་ནས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་། སྐད་ཡིག་རིགས་གཉིས་ཀྱི་ཁྲིམས་ལུགས་བསླབ་དེབ་དཔེ་སྐྲུན་བཅས་བྱས་པ་དེ་ནི་ཀན་སུའུ་ཞིང་ཆེན་མ་ཟད་རྒྱལ་ཡོངས་ཀྱི་མི་རིགས་ས་ཁུལ་གཞན་དག་གི་གནས་ཚུལ་དངོས་དང་མཐུན་པ་ཡིན་ཞིང་། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ངེས་རེད།  “བོད་རྒྱ་སྐད་ཡིག་གཉིས་ལྡན་གྱི་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་”རྩོམ་སྒྱུར་དཔེ་སྐྲུན་བྱས་པ་དེ་ནི་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྤེལ་བྱེད་པའི་ཐད་གོམ་སྟབས་ཆུང་ཆུང་ཞིག་སྤོས་པ་ཙམ་ཡིན་རུང་། དེར་དགེ་མཚན་ཧ་ཅང་ཆེན་པོ་ལྡན་ཞིང་། ཁྲིམས་འཛིན་གྱི་ལས་ཕྱོད་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་རིགས་ས་ཁུལ་དུ་ལག་ལེན་ཡང་དག་བསྟར་བར་སྐུལ་སྤེལ་གཏོང་བར་མཐུན་རྐྱེན་འདོན་སྤྲོད་བྱས་པ་རེད། བསླབ་དེབ་འདི་དཔེ་སྐྲུན་བྱས་པ་དེ་ནི་དེང་དུས་བྱས་རྗེས་བཞག་ཅིང་འབྱུང་འགྱུར་ལ་ཕན་པ་ཆེ་བའི་དོན་བཟང་ཞིག་ཡིན་ལ། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བའི་བྱ་སྤྱོད་ཏན་ཏིག་ཅིག་ཀྱང་ཡིན་ཞེས་བསྟན་གནང་བ་རེད།
    【1】  【2】  【3】
    ༄༅།།ཀན་སུའུ་ཞིང་ཆེན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་
བསླབ་དེབ་ཕྲེང་བསྟར་མའི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་
པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།