འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་
    པའི་ཐོག་ཁྱོན་གྲོས་གཞི་ཁག་522འབྱོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་10ཉིན་གསར་འགོད་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཆེ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་10ཉིན་གྱི་ཆུ་ཚོད་12པར་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་འཐུས་མིས་བཏོན་པའི་གྲོས་གཞི་འདོན་མཚམས་འཇོག་པའི་བར་ཚོགས་ཆེན་དྲུང་ཆེ་ཁྲུའུ་ཡི་གྲོས་གཞི་ཚོགས་ཆུང་ལ་ཁྱོན་འཐུས་མི་ཚོགས་པ་དང་འཐུས་མིས་མིང་མཉམ་དུ་བཀོད་ནས་བཏོན་པའི་གྲོས་གཞི་ཁག་522འབྱོར་བ་དེ་2014ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་རིང་འཐུས་མིས་བཏོན་པའི་གྲོས་གཞི་ཁག་468ལས་54ཡིས་མང་བ་ཡོད་པ་རེད།
          ཚོགས་ཆེན་དྲུང་ཆེ་ཁྲུའུ་ཡི་གྲོས་གཞི་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོས་གཞི་ཁག་522ཀྱི་ཁྲོད་དུ་ཁྲིམས་འཛུགས་ཐད་ཀྱི་གྲོས་གཞི་511དང་ལྟ་སྐུལ་ཐད་ཀྱི་གྲོས་གཞི་ཁག་8ཡོད་པ་མ་ཟད། ད་དུང་གཏན་འབེབས་དོན་ཚན་དང་འབྲེལ་བ་ཡོད་པའི་གྲོས་གཞི་འགའ་ཞིག་ཀྱང་ཡོད་པ་རེད། བཅའ་ཁྲིམས་གྱོད་གཞིའི་ཁྲོད་གྲངས་འབོར་མང་ཤོས་ནི་སྲིད་འཛིན་བཅའ་ཁྲིམས་ཀྱི་རིགས་ཡིན་པ་དང་ཁྱོན་190ཡོད་པ་དེས་37.25%ཟིན་ཡོད། ཀུའོ་ཀྲེན་ཧྭ་ཡིས་འཐུས་མིས་བཏོན་པའི་གྲོས་གཞིའི་ནང་དོན་ལ་དབྱེ་ཞིབ་རགས་ཙམ་བྱས་པར་གཞིགས་ན། དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས། ས་ཆའི་ལམ་ལུགས་སྒྱུར་བཅོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་དང་ལེགས་གཏོང་། དེ་བཞིན་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བཅས་བྱ་རྒྱུ་ནི་འཐུས་མི་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཡིན་པས། བྲེལ་ཡོད་བཅའ་ཁྲིམས་ལ་བཟོ་བཅོས་དང་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་མང་པོ་ཞིག་བཏོན་ཡོད། ད་དུང་གྲོས་གཞི་འགའ་ཞིག་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལུགས་འཛུགས་སྐྱོང་མགྱོགས་པོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་འབྲེལ་ཡོད་ཁྲིམས་འཛུགས་དོན་ཚན་བཏོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།