འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐའེ་དབན་གྱི་འབྲེལ་ཆད་
    ཉ་གྲུའི་དོན་རྐྱེན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་10ཉིན་ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཐའེ་དབན་གྱི“ཞང་ཕུའུ་ཁྲུན”རྟགས་ཅན་གྱི་ཉ་གྲུ་ནུབ་རྒྱ་མཚོ་ཆེན་པོ་ལྷོ་མར་འབྲེལ་བ་ཆད་པའི་དོན་རྐྱེན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། ཨ་ཀེན་ཐིན་ཕྱོགས་ལ་འཚོལ་ཞིབ་ལས་ཀ་སྒྲུབ་རྒྱུའི་ལྕག་སྐུལ་བྱས་ཡོད་མོད། འོན་ཀྱང་ཚེས་9བར་ཉ་གྲུའི་གནས་ཚུལ་སྔར་བཞིན་ཤེས་རྟོགས་ཐུབ་མེད་ཅེས་བརྗོད་པ་རེད།
         གནས་ཚུལ་གཏོང་སྤེལ་བྱས་པར་གཞིགས་ན། “ཞང་ཕུའུ་ཁྲུན”རྟགས་ཅན་གྱི་ཉ་གྲུ་ཟླ་2ཚེས་26ཉིན་གྱི་ཐོ་རེངས་སུ་ནུབ་རྒྱ་མཚོ་ཆེན་པོ་ལྷོ་མའི་སྤྱི་མཚོའི་མཚོ་ཁོངས་སུ་འབྲེལ་བ་ཆད་པ་དང་གནས་ཚུལ་ཐོན་སྐབས་གྲུ་གཟིངས་ཐོག་མི་49ཡོད་པའི་ནང་སྐམ་ས་ཆེ་མོ་ནས་ཡིན་པའི་གྲུ་པ་11དང་ཐའེ་དབན་ནས་ཡིན་པའི་གྲུ་པ་2ཚུད་ཡོད་པ་རེད།
         ཟླ་3ཚེས་9ཉིན་བར་ཨ་ཀེན་ཐིན་ཕྱོགས་དང་ཀྲུང་གོའི་མཚོ་ཐོག་འཚོལ་སྐྱོབ་ལྟེ་གནས་དང་དེ་བཞིན་འབྲེལ་བ་ཆད་པའི་ཉ་གྲུ་དང་མཚོ་ཁོངས་གཅིག་ཏུ་ཡོད་པའི་སྐམ་ས་ཆེ་མོ་ནས་ཡིན་པའི་ཉ་གྲུས“ཞང་ཕུའུ་ཁྲུན”རྟགས་ཅན་རྙེད་མེད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་གཞོགས་འདེགས་བྱས་ཏེ“ཞང་ཕུའུ་ཁྲུན”རྟགས་ཅན་འཚོལ་རོགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།