འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་མུ་མཐུད་གཏོགས་ཁོངས་ཁག་གི་ཚོགས་
    ཆུང་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་11ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་པ་དང་། རང་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་གཏོགས་ཁོངས་ཁག་ཏུ་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་2015ལོའི་གྲོས་མོལ་ལས་དོན་འཆར་གཞིར་དམིགས་པ་དང་རང་སོ་སོའི་ལས་དོན་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཧུར་ཐག་བྱས་པ་རེད།
         མགོན་པོ་བཀྲ་ཤིས་དང་། ཤིང་རྩ་བསྟན་འཛིན་ཆོས་གྲགས། ལྕགས་རྭ་བློ་བཟང་བསྟན་འཛིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ང་ཕོད་འཇིགས་ཡོན་སོགས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོས་གཏོགས་ཁོངས་ཁག་གི་ཚོགས་ཆུང་གྲོས་བསྡུར་ནང་སོ་སོར་ཞུགས་པ་རེད།
         ཨུ་ཡོན་ཚོས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནང་དམངས་གཙོའི་ལྟ་སྐུལ་ལས་དོན་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གཙང་སྤེལ་འཐབ་རྩོད་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཁག་འཕེལ་རྒྱས་ཟབ་མོ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པ་བཏོན་པ་དང་། དུས་སྐབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ཁ་ཕྱོགས་གོ་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཡོད། སྙན་སྒྲོན་གྱིས་ལས་དོན་ལ་ཚན་རིག་དང་མཐུན་པའི་ངང་ཕྱོགས་སྡོམ་བྱས་ཡོད་ལ་སླད་ཕྱིན་གྱི་ལས་དོན་ཐད་ལས་འགན་དང་བླང་བྱ་བཏོན་པ་དེ་རང་ལྗོངས་ཀྱི་སྲིད་གྲོས་ཀྱི་དོན་དངོས་དང་རྦད་དེ་མཐུན་པས་ང་ཚོས་སླད་ཕྱིན་གྱི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
         ཨུ་ཡོན་ཚོས་རྒྱུན་རྣམ་གསར་པ་དང་རྣམ་པ་གསར་པའི་འོག་ངེས་པར་དུ་ཨུ་ཡོན་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཐོག་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་དམིགས་ཏེ་ཐབས་འདོན་ཇུས་འགོད་ཀྱི་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་དང་། འཐབ་ཇུས་རང་བཞིན། དམིགས་སའི་རང་བཞིན་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཐོག་གོ་རིམ་ལྡན་ལ་ཏན་ཏིག་ངང་གྲོས་མོལ་དམངས་གཙོའི་ལས་དོན་སྤེལ་ནས“གྲོས་མོལ་དམངས་གཙོར་ཤུགས་སྣོན་གསར་པ་རྒྱག་པ་དང་། དམངས་གཙོའི་ལྟ་སྐུལ་ལ་བྱ་ཐབས་གསར་པ་ལྡན་པ། ལམ་ལུགས་འཛུགས་པའི་ཐད་འཕེལ་རིམ་གསར་པ་ལྡན་པ། མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཐད་ནུས་པ་གསར་པ་འདོན་སྤེལ་བྱེད་པ། འགན་འཁྲི་སྒྲུབ་པའི་ཐད་མཐོར་གཏོང་གསར་པ་ཡོད་པ་བཅས”ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།