འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ།

    —— བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་དམངས་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་ཡོད། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་ལྗོངས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མང་པོས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་ཡོད། དེར་བརྟེན་གསར་འགོད་པས་ཁོང་ཚོར་བཅར་འདྲི་ཞུས་པ་ཡིན།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་འབྲོང་བུ་ཚེ་རིང་རྡོ་རྗེས་གསར་འགོད་པར། རིག་གནས་ཞིབ་འཇུག་གི་ལས་དོན་བྱེད་མཁན་ཨུ་ཡོན་ཞིག་ཡིན་པའི་རང་ཉིད་ཀྱིས་དོ་ཁུར་བྱེད་མང་ཤོས་ནི་སྔར་བཞིན་རང་ལྗོངས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ཞེས་བཤད་བྱུང་། ད་རེས་ཁོང་གིས་ལོ་ཉི་ཤུ་ལྷག་ཙམ་གྲ་སྒྲིག་བྱས་པའི་<<མི་རིགས་རིག་གནས་སྲིད་ཇུས་ཐད་ཀྱི་བསམ་འཆར་འགའ་ཞིག་>>ཅེས་པའི་གྲོས་འགོ་བཏོན་ཡོད་པ་རེད།
         འབྲོང་བུ་ཚེ་རིང་རྡོ་རྗེས“རང་ཉིད་ཤེས་ཡོན་ཅན་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རིག་གནས་ཁྱབ་ཁོངས་ནང་ཞིབ་འཇུག་དང་སྲིད་འཛིན་ལས་ལ་གཞོལ་བཞིན་ཡོད། ང་ཚོས་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་འཁུར་དགོས། ངའི་ཁ་ཚ་དགོས་གཏུཌ་ཀྱི་བསམ་ཚུལ་ཆེ་ཤོས་ནི་ཇི་ལྟར་བྱས་ཏེ་དེང་རབས་ཀྱི་ཚན་རྩལ་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་བསམ་གཞིག་དང་གཏན་ཚིགས་ཕན་ཚུན་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཐུབ་པ་དང་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བཤད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྨོན་ལམ་རྡོ་རྗེས་ན་ནིང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་<<སློབ་གྲྭ་འབྲིང་ཆུང་དུ་ལྷ་མོ་སློབ་ཁྲིད་བྱེད་པའི་སྐོར་>>ཞེས་པའི་གྲོས་འགོ་བཏོན་པར་འབྲེལ་ཡོད་མི་སྣའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་།
         ད་ལོ་གྲོས་འགོ་དེར་བསམ་འཆར་སྔར་བས་བསྡུ་ལེན་རྒྱ་ཁྱབ་བྱེད་པའི་རྨང་གཞིའི་ཐོག་ལྷག་པར་དུ་རང་རྒྱལ་རིག་གནས་ཀྱི་སྙིང་བཅུད་ཡིན་པའི་ཅིང་ཅུས་ཟློས་གར་དེ་ནང་སའི་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱེད་པ་ཤེས་རྟོགས་བྱུང་རྗེས་སྨོན་ལམ་རྡོ་རྗེས་<<སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་ནང་ལྷ་མོ་སློབ་ཁྲིད་བྱ་རྒྱུའི་སྐོར་>>ཞེས་པའི་གྲོས་འགོ་སླར་ཡང་བཏོན་ཡོད། ཁོང་གིས་མི་རིགས་ཀྱི་འགྱུར་རྡོ་གསོན་པོ་ཡིན་པའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྔར་བས་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་བཤད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་བསམ་གཏན་གྱིས་གསར་འགོད་པར། མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིག་དངོས་སྲུང་སྐྱོབ་ལས་དོན་གྱི་བསམ་ཕྱོགས་ཇུས་འགོད་བྱེད་པ་དང་སྦྲགས་ད་རེས་པེ་ཅིང་དུ་ཚོགས་འདུར་ཡོང་ནས་<<མངའ་རིས་ས་ཁུལ་གྱི་གུ་གེའི་རྒྱལ་རབས་ཀྱི་གནའ་ཤུལ་དང་རྩ་མདའ་ས་ཚལ་དེ་འཛམ་གླིང་གི་རིག་གནས་དང་རང་བྱུང་གི“གནའ་ཤུལ་གཉིས”ལ་རེ་ཞུ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་>>ཞེས་པའི་གྲོས་འགོ་བཏོན་ཡོད་ཅེས་བཤད་བྱུང་།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཁ་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཁས་གྲུབ་ཀྱིས་ཀྱང་བསམ་ཡས་དགོན་པ་དང་དེ་བཞིན་མཆིམས་ཕུ་ལུང་གཞུང་འཛམ་གླིང་གི་རིག་གནས་ཤུལ་བཞག་ཏུ་རེ་ཞུ་བྱ་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་བཏོན་ཡོད་པ་རེད།
         ཨུ་ཡོན་ཚོའི་ངོས་ནས་བཤད་ན། གྲོས་འགོ་དེ་དག་ཚང་མར་ཁོང་ཚོའི་ལོ་གཅིག་དང་ཐ་ན་ལོ་ཁ་ཤས་རིང་འགན་འཁྲི་སྒྲུབ་པའི་སེམས་ཤུགས་བསྡུས་པ་དང་བློ་རྩེ་གཅིག་སྒྲིམ་ངང་བརྟག་ཞིབ་བྱས་པ་ལས་བྱུང་བའི་དཀའ་ཚེགས་ཆེ་བའི་འབྲས་བུ་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་ཁོང་ཚོས་གྲོས་འགོ་དོན་འཁྱོལ་ཐུབ་རྒྱུར་རེ་བ་ཟབ་མོ་བཅོལ་ཡོད་ལ་རེ་སྒུག་ཀྱང་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།