འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་འབྲོང་བུ་ཚེ་རིང་རྡོ་རྗེས་རིག་གནས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ལ་དུས་གཅིག་
    ཏུ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་13ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཨུ་ཡོན་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས།
    ཨུ་ཡོན་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས།
        མི་དམངས་དྲ་བའི་འཕྲིན། “ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་མི་རིགས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་སྲིད་ཇུས་རབ་དང་རིམ་པ་བཟོས་པའི་ཁར་མི་རྒྱུ་དངོས་སོགས་འབོར་ཆེན་བཏང་སྟེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཡག་པོ་བྱས་པ་དང་དར་སྤེལ་ཤུགས་ཆེན་བཏང་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་འབྲོང་བུ་ཚེ་རིང་རྡོ་རྗེས་བཤད་པ་རེད།
         བོད་ལ་འཛིན་པའི་ཏང་གི་མི་རིགས་རིག་གནས་སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་རིམ་བཞིན་འཕེལ་རྒྱས་དང་འཐུས་ཚང་དུ་འགྲོ་གི་ཡོད། དེས་སླད་ཕྱིན་གྱི་ཡར་རྒྱས་ལ་ཕན་པའི་ཉམས་མྱོང་ཕྱོགས་སྡོམ་ཐུབ་ལ་ད་བར་ཐག་གཅོད་ཐུབ་མེད་པའི་གནད་དོན་ཡང་རྟོགས་ཐུབ། བོད་དུ་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བའི་དུས་དེར་གལ་སྲིད་དཔལ་འབྱོར་འཕེལ་རྒྱས་ཁོ་ན་ཕྱིན་པ་ལས་ཕུན་སུམ་ཚོགས་པའི་རིག་གནས་མེད་ཚེ་འཕེལ་རྒྱས་ངོ་མ་བྱུང་ཡོད་ཅེས་ཤོད་ཐབས་བྲལ་ཞེས་འབྲོང་བུ་ཚེ་རིང་རྡོ་རྗེས་ངོ་སྤྲོད་གནང་བ་རེད།
         རིག་གནས་མཁས་པ་ཞིག་ཡིན་པའི་འབྲོང་བུ་ཚེ་རིང་རྡོ་རྗེས་གསར་གཏོད་པར“ཇི་ལྟར་བྱས་ནས་སྔར་བས་འཐུས་སྒོ་ཚང་བའི་མི་རིགས་རིག་གནས་སྲིད་ཇུས་ཤིག་བཟོས་ཏེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་དབར་གྱི་འབྲེལ་བར་ཐག་གཅོད་ཡང་དག་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་རེད། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་དེའི་དབང་ཆར་སྲུང་སྐྱོབ་བྱེད་དགོས་ཞེས་པ་ནི་གསར་སྤེལ་མི་བྱེད་པ་དང་བེད་སྤྱོད་མི་བྱེད་པར་མི་བརྗོད་པར་དེ་ལས་ལྡོག་སྟེ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་ཐོག་སླར་ཡང་གསར་སྤེལ་དང་སླར་ཡང་བེད་སྤྱོད་བྱེད་དགོས་པ་དེ་རེད། གྲངས་ཉུང་མི་རིགས་ཀྱི་རིག་གནས་དབང་ཆ་སྲུང་སྐྱོབ་བྱ་རྒྱུ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཉིས་འགལ་བ་མིན། འོན་ཀྱང་མི་རིཌ་རིག་གནས་ཐོན་ཁུངས་དེ་རིག་གནས་ཐོན་རྫས་སམ་རིག་གནས་ཞབས་ཞུར་སྒྱུར་སྐབས་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ནི་རིག་གནས་ཐོན་ཁུངས་ཉིད་ལ་སྲུང་སྐྱོབ་ནུས་ལྡན་བྱ་རྒྱུ་དང་དེ་བཞིན་བེད་སྤྱོད་བྱ་རྒྱུ་དེ་རེད། བརྒྱུད་རིམ་དེའི་ནང་རིག་གནས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འབྲེལ་བ་དེ་མཐུན་སྦྱོར་ཡག་པོ་བྱེད་དགོས་པ་ལས་ཕྱིན་ཅི་སློག་མི་རུང”ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།