འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་གཏོགས་ཁོངས་
    ཁག་གི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།ཚེས་7ཉིན་གྱི་སྔ་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གཏོགས་ཁོངས་ཁག་གི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ནས་གཏོགས་ཁོངས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་རེད།
         མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་རང་ལྗོངས་ཀྱི་ཨུ་ཡོན་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་གཏོགས་ཁོངས་ཁག་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཧུར་ཐག་སྤེལ་ཞིང་། ཨུ་ཡོན་ཚོས་ཙུང་ལི་ལི་ཁེ་ཆང་གི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས”ཞེས་བཏོན་གནང་བ་དེ་རྒྱལ་ཁབ་དང་། དམངས་འདོད། རང་ལྗོངས་བཅས་ཀྱི་གནས་ཚུལ་དང་འཚམ་པ་མ་ཟད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ང་ཚོའི་ལས་དོན་ཡག་པོ་སྒྲུབ་པའི་སྙིང་སྟོབས་སྐྱེད་བྱེད་ཅིག་ཡིན།
          སྒྱུར་བཅོས་སྒོ་དབྱེ་ནི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་རྒྱལ་ཁ་ལེན་པའི་མཆོག་ནོར་ཞིག་ཡིན་པས་མིག་སྔར་རང་རྒྱལ་གྱི་སྒྱུར་བཅོས་དེ་འགག་སྒྲོལ་དུས་དང་གཏིང་ཟབ་དུས་སུ་གནས་པས་ངེས་པར་དུ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་གཙོ་གནད་དུ་བྱས་ནས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱས་ཏེ་སྤྱི་ཡོངས་ཀྱི་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བར་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན། སྤྱི་ཚོགས་ལས་རིགས་ཁག་ལ་ཐུན་མོང་དུ་ངོས་འཛིན་བྱུང་བའི་ལྷུ་ཚིགས་བཅས་ནས་འགྱུར་ལྡོག་གཏོང་འགོ་བཙུགས་ཏེ་སྤྱི་ཚོགས་ཡོངས་སུ་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། གཞུང་དྲང་དྲང་བདེན་མངོན་ཐུབ་པ། མི་དམངས་ཡོངས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཐུན་མོང་ཐོག་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་བཤད་པ་རེད།
         ཨུ་ཡོན་ཚོས་འདས་པའི་ལོ་གཅིག་རིང་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་གཞི་རྩའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྐབས་རིམ་བྱུང་ཚན་ཁག་གིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག་ཚན་རིག་དང་མཐུན་པའི་ངང་རང་ལྗོངས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་སྟངས་འཛིན་ཐུབ་པ་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་དོན་ཆེན་གཉིས་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་འཕར་གཞི་འགན་ལེན་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་གཏོང་། དམངས་འཚོར་ཕན་པ། བརྟན་ལྷིང་འགན་ལེན་བྱེད་པའི་ཐོག་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་མ་བཏང་སྟེ་དམིགས་ཚད་དང་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཨུ་ཡོན་ཚོས་2015ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་བའི་འགོ་འཛུགས་ལོ་ཞིག་ཡིན་པས་འདི་ལོའི་ལས་དོན་ཡག་པོ་སྒྲུབ་པ་དང། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལེགས་སྒྲུབ་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འགོ་འཛུགས་རྒྱུར་རྨང་གཞི་ཡག་པོ་འདིང་རྒྱུ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། འདི་ལོ་ང་ཚོའི་ལས་ཀར་འགྲན་སློང་གསར་པ་དང་གོ་སྐབས་གསར་པ་འཕྲད་པར་བརྟེན་ངེས་པར་དུ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཕན་འབྲས་མཐོར་གཏོང་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། འཕར་གཞི་འགན་ལེན་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་གཏོང་། དམངས་འཚོར་ཕན་པ། བརྟན་ལྷིང་འགན་ལེན་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། མ་འཇོག་ཡར་སྐུལ་དང་། སྒྱུར་བཅོས་སྒོ་དབྱེ། ཐོན་ལས་ཀྱི་འདེགས་སྐྱོར། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་རྒྱུན་སྲིང་དང་སྐྱོན་བྲལ་ངང་གོང་འཕེལ་མྱུར་པོ་ཡོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ཞི་མཐུན་དང་བརྟན་ལྷིང་ཡོང་བ། སྣོད་བཅུད་ཁོར་ཡུག་རྒྱུན་སྲིང་ངང་ཡག་པོ་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་སྲིང་གོང་མཐོར་འགྲོ་རྒྱུར་སྐུལ་མ་བཏང་ནས“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱེད་དགོས་ཞེས་བཤད་པ་རེད།
         ཨུ་ཡོན་ཚོས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་དར་རྒྱས་འགྲོ་འགོར་བའི་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་མ་གཏོང་བ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས་པ་དམིགས་བཀར་དུ་བཏོན་གནང་བར་དགའ་སྤྲོ་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་དང་། ཡང་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པ་བཞིན། རང་རྒྱལ་ནི་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་མི་རིགས་ཁག་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་འདྲ་མཉམ་གྱི་ཁོངས་མི་ཞིག་ཡིན་པས་ངེས་པར་དུ་སྙན་སྒྲོན་དང་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱ་རྒྱུ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་མཐའ་དར་དམངས་ཕྱུག་གི་འཐབ་ཇུས་མུ་མཐུད་ལག་ལེན་བསྟར་རྒྱུ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།