འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་གྱིས་2020ལོར་སླེབས་སྐབས་མི་འབོར་ཁྲི་2300ནང་ཚུན་དུ་ཚོད་འཛིན་
    བྱ་རྒྱུའི་དམིགས་ཚད་གསར་པ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།པེ་ཅིང་གྲོང་ཁྱེར་གྱི་མི་འབོར་གྱི་གཞི་ཁྱོན་ཐོག་མའི་འཆར་གཞི་ལས་བརྒལ་རྗེས་མི་འབོར་ཚོད་འཛིན་གྱི་གཞི་ཁྱོན་གསར་པ་ཐོག་མར་ཡོངས་བསྒྲགས་ངང་བཏོན་པ་རེད།ཟླ་3ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་པེ་ཅིང་ཚོགས་པའི་སྒོ་དབྱེའི་བྱེད་སྒོའི་ཁྲོད་པེ་ཅིང་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་འཐུས་མི་ལི་ཧྲེ་ཞང་གིས་2020ལོར་སླེབས་སྐབས་པེ་ཅིང་གྲོང་ཁྱེར་གྱིས་མི་འབོར་ཁྲི་2300ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ལི་ཧྲེ་ཞང་གིས་2014ལོར་པེ་ཅིང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི་2151.6ཟིན་པས་མི་འབོར་དང་ཐོན་ཁུངས་དབར་གྱི་འགལ་བ་ཧ་ཅང་མངོན་གསལ་དོད་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།གྲངས་གཞི་དེ་2005ལོའི<<པེ་ཅིང་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད>>ནང་བཏོན་པའི་2020ལོར་སླེབས་སྐབས་ཁྲི་1800ཙམ་དུ་ཚོད་འཛིན་བྱ་རྒྱུའི་མི་འབོར་གཞི་ཁྱོན་གྱི་འཆར་འགོད་ལས་ཆེས་ཆེར་བརྒལ་ཡོད་ཅེས་བཤད་པ་རེད།
         ཐོན་ཁུངས་ནང་འདྲེན་གྱི་དཔེ་མཚོན་གྲོང་ཁྱེར་ཡིན་པའི་པེ་ཅིང་གྲོང་ཁྱེར་གྱི་གློག་70%དང་། བཅོས་སྣུམ་40% རྡོ་སོལ་98% རྡོ་སྣུམ་དང་རང་བྱུང་སོལ་རླངས་100% སྔོ་ཚལ་70% ཕག་ཤ་68%འོ་མ་46%བཅས་ཕྱི་ནས་དབོར་དགོས་ཀྱི་ཡོད་པ་རེད།
         ལི་ཧྲེ་ཞང་གིསཁྲི་“2300”ཡི་མི་འབོར་ཚོད་འཛིན་གྱི་དམིགས་ཚད་ནི་གཙོ་བོ་ཆུའི་ཐོན་ཁུངས་ཀྱི་ཐེག་ནུས་ལ་གཞིགས་ཏེ་རྩིས་བརྒྱབ་པ་ཞིག་རེད། པེ་ཅིང་གྲོང་ཁྱེར་དུ་ལོ་ལྟར་འཐུང་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་15ཙམ་འདང་གི་མེད་པ་དང་ལྷོ་ཆུ་བྱང་འདྲེན་བྱས་པ་ལས་གནད་དོན་དེ་ཞི་ལྷོད་དུ་ཕྱིན་རུང་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་མེད། འདི་ལོའི་མི་འབོར་ཚོད་འཛིན་གྱི་དམིགས་ཚད་དེ་མི་ཁྲི་2180ནང་ཚུན་དུ་ཡིན་པ་དང་གཙོ་བོ་རྒྱལ་སའི་བྱེད་ནུས་མིན་པའི་ཆ་ཞི་ལྷོད་དུ་གཏོང་བ་དང་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚོད་འཛིན་བྱེད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།