འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་ཅན་ཆའོ་གུང་ཅུའེ་རྒྱལ་སྲས་ཝུའེ་ལན་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་ཅན་ཆའོ་གུང་ཅུའེ་རྒྱལ་སྲས་ཝུའེ་ལན་དང་མཇལ་འཛོམས་གནང་བ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྤྱི་ཟླ་3ཚེས་2ཉིན་མི་དམངས་ཚོགས་ཁང་ཆེ་མོར་དབྱིན་ཇིའི་ཅན་ཆའོ་གུང་ཅུའེ་རྒྱལ་སྲས་ཝུའེ་ལན་དང་མཇལ་འཛོམས་གནང་བ་རེད།
         ཞིས་ཅིན་ཕིང་གིས་དང་ཐོག་ཝུའེ་ལན་རྒྱལ་སྲས་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ལ་རྒྱལ་མོ་དབྱི་ལི་ཧྲ་པའི་སྐུ་ཕྲེང་གཉིས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་རོགས་ཞེས་ཞུས་པ་དང་།ལོ་འདིར་རྒྱལ་མོའི་གདན་ཞུས་ལྟར་དབྱིན་ཇིར་འཚམས་འདྲི་བྱས་ནས་དབྱིན་ཇིའི་འགོ་ཁྲིད་དང་ཀྲུང་དབྱིན་འབྲེལ་བའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་འཆར་འགོད་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་ཏུ་ཡོད་པ་མ་ཟད་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འགན་འཁྲི་གལ་ཆེན་ཁུར་ཡོད། མིག་སྔར་ཀྲུང་དབྱིན་འབྲེལ་བ་ཧ་ཅང་ཡག་པོ་ཡོད་པ་དང་ཀྲུང་དབྱིན་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བཞིན་ཡོད། ཕྱོགས་གཉིས་པོའི་ཚོང་དོན་ཨ་སྒོར་
    དུང་ཕྱུར་800ལས་བརྒལ་བ་དང་དབྱིན་ཇི་ཡང་ཀྲུང་གོས་མ་དངུལ་འཇོག་ཆེ་བའི་རྒྱལ་ཁབ་ཡིན་པ་དང་དངུལ་རྩ་དང་། ཉིང་གློག མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་ཐད་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཡར་རྒྱས་གསར་པ་བྱུང་ཡོད། འདི་ལོ་ནི་ཀྲུང་དབྱིན་རིག་གནས་སྤེལ་རེས་ལོ་ཡིན་པ་དང་། ཀྲུང་དབྱིན་ནི་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་མཚོན་བྱེད་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་འཛམ་གླིང་གི་ཤེས་དཔལ་ཡར་རྒྱས་ཀྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་འབུལ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།