འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཙོང་རིལ་གྱིས་སྨན་བཅོས་བྱེད་ཐབས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་03ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཙོང་རིལ་གྱིས་སྨན་བཅོས་བྱེད་ཐབས།
         ཙོང་རིལ་ནང་སྤྲི་དཀར་དང་ཀ་ར། ཀའེ། ལིན། ལྕགས། འཚོ་བཅུད་སྣ་ཚོགས། དེ་བཞིན་དུ་ཨར་ཞི་པིན་ཅེ་དང་ཨར་ལིག་འདྲེས་སྦྱོར་དངོས་རྫས་སོགས་མང་པོ་ལྡན་ཞིང་། དེ་ལ་ནད་འབུ་སྣ་ཚོགས་གསོད་པ་དང་ཁྲག་རྩ་སྲ་འགྱུར་སྔོནའགོག ཁྲག་སྤྲི་ཇེ་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ནུས་ལྡན། དུས་རྒྱུན་ཙོང་རིལ་ཟོས་ན་ཁྲག་རྒྱུན་གྱིས་སྐྲན་ནད་སྔོན་འགོག་བྱེད་པའི་ནུས་པ་མཐོར་འདེགས་དང་། ཁྲག་ཤེད་མཐོ་བ་སྔོན་འགོག སྙིང་ནད་མི་འབྱུང་བ་བཅས་ལ་ཕན་ཐོགས། དེ་ཡང་ཙོང་རིལ་གྱིས་གཉན་ཚད་རྨ་ཁ་གསོ་བར་ཕན་ཆེན་པོ་ཐོགས་སྲིད་དེ། ལྡེ་གུ་བཟོས་པའི་རྒྱ་ཙོང་གིས་རྨ་ཁ་ཐེངས་ཁ་ཤས་ལ་བདུག་པ་ན་ན་ཟུག་འཇོག་ཐུབ་པར་མ་ཟད། རྨ་ཁའང་སོས་སླ་བ་ཡིན། 
         ཀྲུང་ལུགས་གསོ་རིག་ལྟར་ན། ཙོང་རིལ་གྱི་རོ་མངར་ལ་བསྐ་བ། རང་བཞིན་འཇམ་པ། ཟས་སུ་བསྟེན་གློ་ལུ་བ་དང་ལུད་པ་མང་བ། གཅིན་པ་བཅས་ལ་སྨན་ནུས་འབྱིན་པ་ཡིན། ཙོང་རིལ་ལྡེ་གུར་བཟོས་ཏེ་རྨ་ཁ་དང་སྨུག་པོའི་ནད་སོགས་ཀྱི་སྟེང་བྱུག་ན་རྨ་ཁ་སོས་སླ་བ་དང་། རྒྱུན་དུ་ཙོང་རིལ་ཟོས་ན་མཁལ་ཚད་རང་བཞིན་ཅན་གྱི་ཆུ་སྐྲངས་ནད་དང་གཅིན་སྙིའི་ནད་བཅས་ལ་ཕན། དམངས་ཁྲོད་ཀྱི་བཤད་རྒྱུན་ལ། ཙོང་རིལ་རློན་པ་བལྡད་ན་ཆམ་པ་དང་ཁའི་གཉན་ཚད་བཅས་ལའང་ཕན་པར་བརྗོད། 
          ཉེ་ལམ་ཨ་མེ་རིག་ཁའི་ཅ་ཀྲིག་སློབ་ཆེན་གྱི་སྐྱེ་དངོས་ཕྲ་རབ་ལ་ཞིབ་འཇུག་བྱེད་པའི་སློབ་དཔོན་ཞིག་གིས་ཞིབ་འཇུག་བྱས་པ་ལས་བསྟན་དོན། ཙོང་རིལ་ལ་སྐྲན་འགོག་གི་བྱེད་ནུས་ལྡན་ཞིང་ལྷག་པར་དུ་ཕོ་བའི་སྐྲན་ནད་འགོག་པ་ལ་ཁྱད་འཕགས་ཀྱི་ནུས་པ་ལྡན་པ་དང་། རྒྱུ་མཚན་ནི་ཙོང་རིལ་ནང་ཀྲོ་ཕེ་ཧོང་སོ་ཞེས་པའི་རྫས་ཤིག་ཡོད་ཅིང་། རྫས་དེ་ཡིས་སྐྲན་འབྱུང་དངོས་རྫས་བཀག་འགོག་བྱེད་པར་མ་ཟད། སྐྲན་གྱི་ཕྲ་ཕུང་མུ་མཐུད་འཕེལ་བར་ཡང་བཀག་སྡོམ་བྱེད་པ་ཡིན། སྡོམ་རྩིས་བྱས་པ་ལྟར་ན། ནམ་རྒྱུན་ཙོང་རིལ་ཟོས་པའི་མི་ལ་ཕོ་བའི་སྐྲན་ནད་བྱུང་བའི་བསྡུར་ཚད་དེ་མ་ཟོས་པའི་མི་ལས་བརྒྱ་ཆའི་ཉེར་ལྔ་ཙམ་གྱིས་དམའ་བར་བཤད། །
      

    ཕྱོགས་བསྡུས་གསར་འགྱུར།