འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་བསང་བཏང་ནས་འཚོ་བ་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་02ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།ལྷ་བསང་བཏང་ནས་འཚོ་བ་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུ་བ།
         མི་དམངས་དྲ་བའི་འཕྲིན། བསང་གཏོང་བ་ནི་བོད་མི་རིགས་ཀྱིས་ཡུལ་ལྷ་གཞི་བདག་ལ་མཆོད་པ་བྱེད་པའི་ཆོ་ག་ཞིག་ཡིན་པ་དང་། ལོ་གསར་ཚེས་གཅིག་གི་ཉིན། མི་རྣམས་སྔ་མོར་ནས་མལ་ལས་ལངས་ཏེ་ལྷ་བསང་གཏོང་དུ་འགྲོ་ཞིང་། བསང་ཁ་དང་པོ་གཏོང་ཐུབ་ན་དེ་ནི་གཟི་བརྗིད་ཅིག་ཏུ་རློམ་བཞིན་ཡོད། མི་ཚོས་སྔོན་མས་བཏང་བའི་བསང་གི་ཐོག་ལ་བསང་ཤིང་དང་བསང་རྩི་སོགས་འཇོག་པ་དང་། ཆབ་དང་ཆང་སོགས་གཤེར་གཟུགས་རིགས་ཀྱིས་མཆོད་པ་བྱེད། དེ་ནས་ཕྱག་འཚལ་བ་དང་དུང་འབུད་པ། གཡང་མདའ་སྟོད་པའི་སྲོལ་ཡང་ཡོད་པ་རེད། བཤད་རྒྱུན་ལ་བསང་གི་དུ་བས་སོར་སྐྱེས་མི་རྣམས་ལ་བདེ་བ་སྟེར་ཐུབ་པ་མ་ཟད། ཡུལ་ལྷ་གཞི་བདག་ལ་ཡང་དགའ་བ་བསྐྱེད་ཐུབ་པས། དད་ལྡན་པ་རྣམས་ཀྱིས་དེ་ཉིད་གསོལ་མཆོད་ཀྱི་ཆོ་ག་ཞིག་ཏུ་བརྩིས་ནས་ཡུལ་ལྷ་གཞི་བདག་གིས་དངོས་སྒྲུབ་གནང་བར་རེ་སྨོན་བྱེད་བཞིན་ཡོད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།ལྷ་བསང་བཏང་ནས་འཚོ་བ་བདེ་སྐྱིད་ཡོང་བར་སྨོན་འདུན་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།