འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ལོ་འཁོར་དུ་ཀྲུང་དབྱང་སྒྲིག་གཞིར་གཞུང་ལས་པ་བསྡུ་རྒྱུའི་ཡིག་རྒྱུགས་ཀྱི་
    སྐར་གྲངས་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་11ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་གསར་འགོད་པར་རྒྱལ་ཁབ་གཞུང་ལས་པ་ཅུས་ནས་ཤེས་རྟོགས་བྱུང་བར། 2015ལོའི་ལོ་འཁོར་དུ་ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་གཏོགས་སྒྲིག་གཞིར་གཞུང་ལས་པ་རྒྱུགས་བསྡུའི་སྤྱི་པའི་རིག་ཚན་གྱི་ཡིག་རྒྱུགས་སྐར་གྲངས་2015ལོའི་ཟླ་1ཚེས་10ཉིན་ཡོངས་བསྒྲགས་བྱས་ཤིང་། རྒྱུགས་སྤྲོད་སློབ་མས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་དྲ་ཚིགས(http://www.mohrss.gov.cn)དང་རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་དྲ་ཚིགས(http://www.scs.gov.cn)སམ་ཡང་ན་གཞུང་ལས་པ་རྒྱུགས་བསྡུའི་ཆེད་དམིགས་དྲ་ཚིགས
    (http://bm.scs.gov.cn/2015)ཐོག་ནས་ཡིག་རྒྱུགས་ཀྱི་སྐར་གྲངས་བཙལ་འཚོལ་བྱས་ཆོག  ཀྲུང་དབྱང་ལས་ཁུངས་ཀྱི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་རྒྱུགས་ལོན་སྐར་གྲངས་ནི། སྤྱིའི་སྐར་གྲངས་110ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་60ཡན་དགོས་ཀྱི་ཡོད་པ་རེད། ཞིང་ཆེན་རིམ་པའི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་ཀྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་རྒྱུགས་ལོན་སྐར་གྲངས་ནི། སྤྱིའི་སྐར་གྲངས་105ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་60ཡན་དགོས་ཀྱི་ཡོད་པ་རེད།
         གྲོང་ཁྱེར(ས་ཁུལ)རིམ་པའི་ཐད་གཏོགས་སྒྲིག་གཞིའི་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་རྒྱུགས་ལོན་སྐར་གྲངས་ནི། སྤྱིའི་སྐར་གྲངས་100ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་55ཡན་དགོས་ཀྱི་ཡོད་པ་རེད། རྫོང(ཆུས)རིམ་པ་དང་དེ་བཞིན་དེ་མན་གྱི་ཐད་གཏོགས་སྒྲིག་གཞིའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་གནས་ལ་རྒྱུགས་སྤྲོད་མཁན་གྱི་རྒྱུགས་ལོན་སྐར་གྲངས་ནི། སྤྱིའི་སྐར་གྲངས་95ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་50ཡན་དགོས་ཀྱི་ཡོད་པ་རེད།
         སྲིད་ཇུས་ཐོག་ནས་གཟིགས་སྐྱོང་བྱེད་པའི་ལས་གནས་ཀྱི་རྒྱུགས་ལོན་སྐར་གྲངས་ནི།
         ནུབ་རྒྱུད་ས་ཁུལ་དང་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ(ཧྲན་ཤིས་དང་། ནང་སོག ཅི་ལིན། ཧེ་ལུང་ཅང་། ཀོང་ཤིས། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས་། གྲོང་ཁྱེར་བཅས15)གྱི་གྲོང་ཁྱེར(ས་ཁུལ)རིམ་པའི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་གནས་ཀྱི་རྒྱུགས་ལོན་སྐར་གྲངས་ནི། སྤྱིའི་སྐར་གྲངས་95ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་55ཡན་དགོས་ཀྱི་ཡོད་པ་དང་། ནུབ་རྒྱུད་ས་ཁུལ་དང་དཀའ་ཚེགས་ཆེ་ལ་ཐག་རིང་ས་ཁུལ་གྱི་རྫོང(ཆུས)རིམ་པ་མན་གྱི་ཕྱོགས་བསྡུས་དོ་དམ་རིགས་དང་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་ལས་གནས་ཀྱི་རྒྱུགས་ལོན་སྐང་གྲངས་ནི། སྤྱིའི་སྐར་གྲངས་90ཡན་དགོས་པ་མ་ཟད། སྲིད་འཛིན་ལས་རིགས་འཇོན་ཐང་གི་ཡིག་རྒྱུགས་སྐར་གྲངས་45ཡན་དགོས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།